当前位置: 首页 > 新闻中心 > 法院新闻
༄༅།། ལག་བསྟར་ཙུག་ཆུང་གིས་བཙན་དབང་ལག་བསྟར་བྱ་ཐབས་ལ་བརྟེན་ནས་གྱོད་གཞི་གཉིས་ལ་ལག་བསྟར་བྱས་པ།
执行团队采取强制措施成功执结两起案件
  发布时间:2020-09-02 11:07:31 打印 字号: | |
  执行局 (拉巴) 

ཉེ་ཆར་ལྷ་རྩེ་རྫོང་ཁྲིམས་ཁང་ལག་བསྟར་ཙུག་ཆུང་གིས་ཡིད་རྟོན་མིང་ནག་ཟིན་ཐོར་བླུགས་པ་དང་མཛད་སྤྱོད་མཐོན་པོར་བཀག་སྡོམ་བྱེད་པའི་བཙན་བཤེད་བྱ་ཐབས་མང་དུ་སྤྱད་པ་བརྒྱུད། ལག་བསྟར་གྱོད་གཞི་གཉིས་ལག་བསྟར་ལེགས་གྲུབ་བྱུང་ཡོད། ཁྱོན་བསྡོམས་གྱོད་དངུལ་སྒོར་ཁྲི་༢༢ལག་བསྟར་བྱས་ཡོད་པ་མ་ཟད་ལག་བསྟར་ལེགས་སྒྲུབ་ཆ་ཚད་༡༠༠%ཟིན་ཡོད།

ལག་བསྟར་རེ་ཞུ་མཁན་སྤེན་ཆེ་གེ་མོ་དང་ལག་བསྟར་ཕོག་མི་ཉི་ཆེ་གེ་མོའི་དབར་དང་། ལག་བསྟར་རེ་ཞུ་མཁན་ཟླ་ཆེ་གེ་མོ་དང་ལག་བསྟར་ཕོག་མི་ཟླ་ཆེ་གེ་མོ་དབར་གྱི་འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱའི་རྩོད་གཞི་གཉིས་ལ་ལག་བསྟར་བྱེད་རིང་། ལག་བསྟར་ཙུག་ཆུང་གིས་ཐོག་མར་ཁྲིམས་ལྟར་ལག་བསྟར་ཕོག་མི་གཉིས་པོར་༼ལག་བསྟར་བརྡ་ཐོ༽དང་༼རྒྱུ་ནོར་སྙན་སྒྲོན་བཀའ་རྒྱ༽༼ལག་བསྟར་ཉེན་དོགས་གསལ་སྟོན་ཡི་གེ༽སོགས་ཀྱི་ཁྲིམས་ཡིག་བསྐྱལ་སྤྲད་བྱས་ཅིང་། ལག་བསྟར་ཕོག་མི་གཉིས་ལ་ལྷག་སྲིད་པའི་ཁྲིམས་ཀྱི་མཐའ་འབྲས་ལ་འགྲེལ་བ་ཐེངས་མང་བརྒྱབ་རུང་ལག་བསྟར་ཕོག་མི་གཉིས་པོས་མི་དམངས་ཁྲིམས་ཁང་གི་ནུས་ཐོན་ཁྲིམས་ཡིག་ལ་ལག་བསྟར་བྱེད་རྒྱུ་ཕར་འཇོག་ད་དུང་དངུལ་དགོས་ན་ངར་མེད་སྲོག་དགོས་ན་ཁྱོས་ཁྱེར་ཅེས་ཚིག་ངན་ལབ་ཅིང་རྣམ་འགྱུར་ངན་པོ་བསྟན་ཡོད།

དེ་རྗེས་ལག་བསྟར་ཙུག་ཆུང་གིས་དྲྭ་ཐོག་བཤེར་འཛིན་དང་སྲོལ་རྒྱུན་བཤེར་འཛིན་ཐེངས་མང་བྱས་རུང་ལག་བསྟར་ཕོག་མི་གཉིས་པོར་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་མ་རྙེད་ཅིང་། ལག་བསྟར་རེ་ཞུ་མཁན་གྱིས་འབྲེལ་ཡོད་རྒྱུ་ནོར་ཁུངས་སྣེ་མཁོ་འདོན་བྱས་མེད་པས་ཁྲིམས་དཔོན་གྱིས་ལག་བསྟར་ཕོག་མི་གཉིས་པོ་ཡིད་རྟོན་མིང་ནག་ཟིན་ཐོར་བླུགས་པ་རེད། ལས་ཐོན་སླར་གསོའི་སྐབས་ལ་སླེབས་པ་དང་ལག་བསྟར་ཕོག་མི་གཉིས་པོས་གནམ་གྲུའི་པ་སེ་ཉོ་བ་དང་ལས་གྲྭ་རྩོད་ལེན་བྱེད་དུས་གང་སར་འགོག་རྐྱེན་ཐུག་པས་རང་འགུལ་ངང་ལག་བསྟར་ཁྲིམས་དཔོན་ལ་འབྲེལ་གཏུགས་བྱས་ཤིང་ལག་བསྟར་གྱོད་དངུལ་སྒོར་༢༢༧༩༥༡་༥གྱོད་གཞིའི་ཆེད་སྤྱོད་རྩིས་ཁྲར་བླུགས་པ་དང་། ཁ་དན་ཚིག་ལ་མ་གནས་ཤིང་ཁྲུན་ཁྲའི་འོན་འགན་མི་འཁུར་བར་དགོངས་དག་ཞུས་པ་དང་། ཡིད་རྟོན་མིང་ནག་ཟིན་ཐོ་ནས་བཏོན་ཆོག་པའི་རེ་ཞུ་བྱས་ཡོད། ལག་བསྟར་གྱོད་གཞི་འདི་གཉིས་ལག་བསྟར་ལེགས་གྲུབ་བྱུང་བ་དང་དུས་མཚུངས། ཤུགས་ལྡན་གྱི་ལག་བསྟར་བྱ་ཐབས་སྤྱད་པ་བརྒྱུད་ལག་བསྟར་ཕོག་མི་གཉིས་ལ་ཡིན་རྟོན་མེད་པིའི་བྱ་སྤྱོད་གཅིག་གིས་གང་སར་འགོག་རྐྱེན་འཕྲད་ངེས་ཀྱི་གནས་ལུགས་ཤེས་སུ་བཅུག་པ་མ་ཚད།  མི་དམངས་མང་ཚོགས་ཚོར་གསོན་ཉམས་ལྡན་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་ཀྱང་ཚོགས་ཡོད།༼ཡིག་སྒྱུར་པ་ལྷག་པ། བསྟན་འཛིན་རྣམ་གྲོལ༽

近日,拉孜法院执行团队采取纳入失信人被执行人名单”“限制高消费等强制措施成功执结两起案件,执结标的达22万余元,执行到位率达到100%。

在执行申请人边某与尼某、达某与达某建设工程施工合同纠纷两起案件中,执行团队第一时间向两名被执行人依法送达执行通知书、报告财产令、执行风险提示等法律文书并多次释明法律后果后两名被执行人不但拒不履行人民法院生效裁判文书,还扬言“要钱没有要命一条”,态度极其恶劣。

随后,执行团队多次进行网络查控与传统查控未发现二人名下可供执行财产,申请执行人未能提供被执行人财产线索,执行法官依法将两名被执行人纳入失信被执行人名单。随着复工复产,因两名被执行人屡次在购买机票、工程招标等处处受限,两人随即联系执行法官主动将227951.5元执行案款汇至专案账号,对失信行为和不履行裁判文书义务的行为表示歉意,并请求将二人从失信人名单中予以撤销。至此,两起案件成功执结同时以强有力的措施让两名被执行人知晓了“一处受限处处受限”的法律后果,还给人民群众上了一堂生动的“法治课堂”


 
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网