གནད་སྐུད་ཁྱོན་གསུམ་ཟུང་འབྲེལ་གྱི་ཁྲིམས་འཛིན་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་ཆེད། ལྷ་རྩེ་ཁྲིམས་ཁང་གིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་བླང་བྱ་དང་བཀོད་འདོམས་དགོངས་དོན་གཞིར་བཟུང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཐུགས་ཁུར་དང་རོགས་རམ་ཆེན་པོའི་འོག །ཟླ་བ་༦པ་ནས་ལྷ་རྩེ་རྫོང་ཁོངས་ཀྱི་ཤང་གྲོང་རྡལ་ཁག་ལ་སྐོར་སྐྱོད་འདྲི་གཅོད་ས་ཚིགས་འཛུགས་སྒོ་ཚུགས་པ་དང་། མིག་ངར་ཤང་གྲོང་རྡལ་ཚང་མར་སྒོ་བྱང་བཀལ་ཟིན།
གནད་སྐུད་ཁྱོན་གསུམ་ཟུང་འབྲེལ་ཞེས་པ་ནི་མི་དམངས་ཁྲིམས་ཁང་གིས་གཞི་རིམ་མང་ཚོགས་ལ་ཞབས་ཞུ་བྱེད་ཤུགས་ཇེ་ཆེར་གཏོང་ཆེད་སྒྲིག་འཛུགས་བྱས་པའི་ཆེད་དོན་བྱེད་སྒོ་ཞིག་ཡིན་ཏེ། དེ་ཡང་གནད་ཅེས་པ་ནི་སྐོར་སྐྱོད་འདྲི་གཅོད་ས་ཚིགས་དང་མངག་གཏོང་ཁྲིམས་རར་གོ་བ་སྟེ། དེ་གཉིས་གཞི་རིམ་དུ་གཞི་ཚུགས་ཤིང་མི་དམངས་ལ་ཞབས་ཞུ་བྱེད་པའི་གཙོ་གནད་ཀྱི་འགན་འཁྲི་འཁུར་བས་སོ། སྐུད་ཅེས་པ་སྐུད་ཐག་སྟེ། དེ་ཡང་འཁོར་ཐོག་སྐོར་སྐྱོད་ཁྲིམས་རར་གོ་བ་སྟེ། སྐུད་ཐག་བཞིན་མང་ཚོགས་ཡོད་པའི་ས་ཆ་གང་སར་འཁྱུད་ནས་སྟབས་བདེའི་ཞབས་འདེགས་བྱེད་ཀྱི་ཡོད་པས་སོ། ཁྱོན་ཞེས་པ་ནི་རྫོང་ཁྲིམས་ཁང་ལྟེ་གནས་ལ་གོ་སྟེ། གནད་དང་སྐུད་ཡོངས་ལ་བཀའ་གཏོང་ཞིང་ཁྱོན་ཡོངས་ལ་དོ་དམ་དང་ཞབས་འདེགས་བྱས་པས་སོ།
མ་འོངས་པར་ལྷ་རྩེ་ཁྲིམས་ཁང་གིས་སྐོར་སྐྱོད་འདྲི་གཅོད་ས་ཚིགས་ཀྱི་ལས་དོན་སྒྲིག་ལམ་འཐུས་སྒོ་ཇེས་ཚང་དུ་གཏོང་བ་དང་སྐོར་སྐྱོད་འདྲི་གཅོད་གང་མང་སྤེལ་ནས་ཁྲིམས་ར་ཁྱིམ་གྱི་མདུན་དུ་སྤོས་ཏེ་གཞི་རིམ་ལ་ཁྲིམས་ལུགས་སློབ་གསོ་བྱེད་ཅིང་། གཞི་རིམ་ལ་སྟབས་བདེ་ཞིང་ལས་ཆོད་མཐོ་བའི་ཁྲིམས་འཛིན་ཞབས་ཞུ་བྱས་ནས་མཐའ་མར་མི་དམངས་ལ་ཞབས་ཞུ་བྱེད་པའི་སྤྱི་ལེ་མཐའ་མཇུག་དེ་ཤར་གཏོང་ཐུབ་པ་དང་མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞི་མི་རེ་ངོ་རེའི་ཁྲོད་ནས་འདྲ་མཉམ་དྲངས་གཞག་ཚོར་དུ་བཅུག་པའི་དམིགས་ཡུལ་སྒྲུབ་རྒྱུ་ཡིན།།
为进一步完善“点线面结合”司法服务网络,拉孜县人民法院根据市中院指导精神,在县委政法委的亲切关怀和大力支持下,自6月开始在拉孜县辖区乡镇建立“巡回审判点”,目前已在所有乡镇完成挂牌。
完善“点线面结合”司法服务网络是日喀则市两级法院今年重点工作。目的是进一步完善以人民法庭和巡回审判点为“点”,车载流动法庭为“线”,院机关为“面”,“点线面”相结合、全覆盖的司法服务网络,更好地满足人民群众日益增长的司法需求。
未来,拉孜法院将进一步完善巡回审判工作机制,大力开展巡回审判工作,通过“将法庭带到家门口”的方式达到司法审判与普法宣传并重,便民服务与高效司法共进的目的,最终打通服务群众最后一公里,达成“努力让人民群众在每一个司法案件中感受到公平正义”这一工作目标。