当前位置: 首页 > 新闻中心 > 法院新闻
拉孜县人民法院《民法典》专题宣讲暨以案释法巡回法治宣讲活动——锡钦乡站
༄༅། །ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་༼དམངས་དོན་ཁྲིམས་གཞུང༽ཆེད་དོན་སྒྲོག་འགྲེལ་ཏེ་གྱོད་གཞི་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པའི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་གཞིས་ཆེན་ཤང་ལ་སྤེལ་བ།
作者:旦增朗珠  发布时间:2020-09-08 12:47:38 打印 字号: | |

ཟླ༩ཚེས༤ཉིན་ལ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་༼དམངས་དོན་ཁྲིམས་གཞུང༽ཆེད་དོན་སྒྲོག་འགྲེལ་ཏེ་གྱོད་གཞི་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་བྱེད་པའི་སྐོར་བསྐྱོད་སྒྲོག་འགྲེལ་བྱེད་སྒོ་གཞིས་ཆེན་ཤང་ལ་བསྐྱོད་ནས། གཞིས་ཆེན་ཤང་གི་སྲིད་འཛིན་གྲོང་ཚོ་བཅུ་གཅིག་གི་ཨུད་གཉིས་ཁུངས་མིར་སྒྲོག་འགྲེལ་གསོ་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོར་རྫོང་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཚེ་བརྟན་རྡོ་རྗེས་གཙོ་བཤད་བྱས་ཤིང་དམངས་དོན་འདྲི་གཅོད་ཐིང་གི་ཐིང་ཀྲང་བདེ་སྐྱིད་དབྱངས་འཛོམས་ཀྱིས་རམ་འདེགས་འགན་འཁུར་བྱས་ཡོད།།

 

9月4日,拉孜县人民法院深入锡钦乡开展《民法典》宣讲暨“以案释法”巡回宣讲活动,为锡钦乡十一个行政村“两委”班子成员进行了宣讲培训。此站宣讲由县法院副院长次旦多杰法官担任主讲员,民庭庭长德吉央宗法官负责助讲。

སྒྲོག་འགྲེལ་བྱེད་སྒོར༼གན་རྒྱའི་འདུ་ཤེས་ལ་ཤུགས་སྣོན་རྒྱབ་ནས་ལས་མིའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། གཉེན་སྒྲིག་སློབ་གསོར་ཤུགས་སྣོན་རྒྱབ་ནས་གཞི་མཐུན་ཁྱིམས་ཚང་འཛུགས་སྐྱོང་བྱེད་པ༽གཙོ་དོན་དུ་བཟུང་ཞིང་། ༼དམངས་དོན་ཁྲིམས་གཞུང༽གི་གན་རྒྱའི་ལེ་ཚན་དང་གཉེན་སྒྲིག་ལེ་ཚན་སྒྲོག་འགྲེལ་ནང་དོན་གྱི་གཙོ་གནད་དུ་འཛིན་ཏེ། གཙོ་བཤད་ཁྲིམས་དཔོན་གྱིས་ཁྲིམས་འཛིན་གྱོད་གཞི་དང་གསོན་ཉམས་ལྡན་པའི་སྒྲུང་གཏམ། དཔེ་མཚོན་གྱི་གྱོད་དོན་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་སྐྱེད་འཚོ་བ་དང་བཟུང་འབྲེལ་བྱས་ནས་གོ་བདེ་ཤིང་ཤེས་སླ་བའི་སྐད་ངག་གི་སྒོ་ནས་སྒྲོག་འགྲེལ་ཟབ་མོ་བྱས་པ་རེད། བྱེད་སྒོར་ཁྲིམས་ལུགས་སློབ་དེབ་དང་དྲིལ་བསྒྲགས་ལག་དེབ་ཁྱོན་བསྡོམས་ཉིས་བརྒྱ་ལྷག་ཙམ་སྤྲད་པ་རེད།།

 

本站宣讲以“强化合同意识,保障民工权益;抓好婚姻教育,共建和谐家庭”为主题,以《民法典》合同编、婚姻编为主要宣讲内容。主讲法官将一起起司法案件、一则则生动故事、一个个典型案例与群众息息相关的生产生活进行结合,以通俗易懂的民族语言进行了生动宣讲。宣讲共发放了两百余份法律读本和宣传手册。

གྲོང་ཚོའི་ལས་བྱེད་པ༥༠ལྷག་ཙམ་གྱིས་སྒྲོག་འགྲེལ་གསན་ཞིང་། ཁྲིམས་ཁང་གིས་རང་སོའི་ལས་དོན་ལ་གཞིགས་ཏེ་ཁྲིམས་འཛིན་གྱོད་གཞི་དྲངས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལ་འགྲེལ་བཤད་རྒྱབ་པས་དཔེ་གསར་རང་བཞིན་དང་ལྡན་ཞིང་དངོས་དོན་དང་མཚུངས་ལ་ལག་ལེན་དུ་བསྟར་བདེ་པོ་འདུག་པས། གྲོང་ཚོའི་ལས་བྱེད་པ་རྣམས་ཀྱིས་དེ་ཐེངས་ཀྱི་སྒྲོག་འགྲེལ་གསོ་སྦྱོང་གི་གོ་སྐབས་ལ་བརྟེན་ནས༼དམངས་དོན་ཁྲིམས་གཞུང༽ལ་སློབ་སྦྱོང་གཏིང་ཟབ་བྱེད་ཅིང་། ཞིང་འབྲོག་མང་ཚོགས་ཚོར་ཁྲིམས་ལུགས་རྒྱུན་ཤེས་ཀུན་ཁྱབ་བྱས་ནས་ཕྱིར་འགྲོ་ལས་མིའི་ཁེ་དབང་ལ་སྲུང་སྐྱོང་ཡོང་ཆེད་དང་ཁྱིམ་ཚང་ནང་གི་འགལ་ཟླ་སེལ་ཆེད་ཞབས་འདེགས་ལྷད་མེད་བྱ་རྒྱུ་ཡིན་ཞེས་བཤད།།།།

50余名村干部认真聆听了宣讲并表示,县法院结合自身业务工作,以司法案例解释法律法规,内容新颖、切实好用。村干部将以此次宣讲培训为契机,深入抓好《民法典》学习,向农牧民群众普及法律常识,为做好外出务工人员权益保障和家庭矛盾纠纷化解作出积极贡献。


 
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网