ཉེ་དུས་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་གིས་ལྷ་རྩེ་རྫོང་གི་གཡེམ་འཆལ་དངོས་རྫས་འགྲེམ་སྤེལ་བྱས་པའི་ཉེས་པ་དང་གཡེམ་འཆལ་དངོས་རྫས་ཉོ་ཚོང་དང་འགྲེམ་སྤེལ་བྱས་ནས་ཁེ་བཟང་ཟ་བའི་ཉེས་མིང་གི་ཉེས་དོན་གྱོད་གཞི་ཐོག་མར་ཁྲིམས་ར་འཚོགས་ནས་བཅད་མཚམས་བཏང་བ་རེད།།
日前,拉孜县人民法院刑事审判庭公开开庭宣判了拉孜县首例传播淫秽物品罪和贩卖、传播淫秽物品牟利罪案件。
ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། གྱོད་ཡ་སྐལ་ཆེ་གེ་མོས་མི་གཞན་གྱི་ལག་ནས་གཡེམ་འཆལ་བརྙན་ཐུང་སྡེབ་དུ་ཉོས་རྗེས་འཕྲིན་ཕྲན་ཚོགས་པར་རིན་གོང་བཀོད་པའི་གཡེམ་འཆལ་པར་རིས་བརྒྱུད་བསྐུར་བྱས་ཏེ་སྔ་རྗེས་སུ་འཕྲིན་ཕྲན་གྲོགས་པོ༩ལ་གཡེམ་འཆལ་བརྙན་ཐུང་དུམ་བུ༣༨༠བཙོངས་ཤིང་ཁེ་བཟང་སྒོར༡༧༤་༦༨ བཟས་པ་དང་། འཕྲིན་ཕྲན་གྲོགས་པོར༧ལ་གཡེམ་འཆལ་བརྙན་ཐུང་དུམ་བུ༤༦༨རིན་མེད་ཀྱིས་འགྲེམ་སྤེལ་བྱས་པ་རེད།
经审理查明,被告人格某通过批量买入淫秽视频,再通过微信群发布带有淫秽视频价格的图片,先后向9名微信好友贩卖淫秽视频380段,从中获利174.68元。向7名微信好友免费发送淫秽视频468段。
གཞན་ཡང་གྱོད་ཁུངས་སུ་ཚུད་རྗེས་གྱོད་ཡ་སྐལ་ཆེ་གེ་མོས་རང་སོའི་ཉེས་སྤྱོད་ངོས་ལེན་ཞུས་ཤིང་ཉེས་མིང་ངོས་ལེན་དང་ཉེས་ཆད་དང་ལེན་ཡི་གེར་འཆན་འཀོད་བྱས་པ་དང་། ཁྲིམས་ཁང་གིས་གྱོད་གཞི་འདིར་འདྲི་ཞིབ་བྱེད་རིང་ཁྲིམས་འགལ་ཐོབ་ཆ་ཚང་མ་ཕྱིར་སློག་གོང་འབུལ་བྱས་པ་རེད།།
另查明,被告人格某到案后如实供述自己的罪行,并签署了认罪认罚具结书,在审理过程中及时向法院退缴了全部违法所得。
ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡ་སྐལ་ཆེ་གེ་མོས་གཡེམ་འཆལ་དངོས་རྫས་འགྲེམ་སྤེལ་དང་ཁེ་བཟང་ཟ་རྒྱུ་དམིགས་ཡུལ་དུ་འཛིན་ཏེ་གཡེམ་འཆལ་དངོས་རྫས་ཉོ་ཚོང་དང་འགྲལ་སྤེལ་བྱས་ཤིང་ཉེས་ཚབས་ཆེ་བས་ཁྲིམས་ལྟར་གཡེམ་འཆལ་དངོས་རྫས་འགྲེམ་སྤེལ་བྱས་པའི་ཉེས་པ་དང་གཡེམ་འཆལ་དངོས་རྫས་ཉོ་ཚོང་དང་འགྲེམ་སྤེལ་བྱས་ནས་ཁེ་བཟང་ཟ་བའི་ཉེས་མིང་གི་ཐོག་ནས་ཉེས་མང་སྡེབ་གཅོད་བྱས་ཏེ་གྱོད་ཡའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།།
法院认为,被告人格某以传播淫秽物品以及牟利为目的,贩卖、传播淫秽物品,情节严重,应当以传播淫秽物品罪和贩卖、传播淫秽物品牟利罪数罪并罚追究其刑事责任。
མཐར་གྱོད་ཡ་སྐལ་ཆེ་གེ་མོས་གཡེམ་འཆལ་དངོས་རྫས་འགྲེམ་སྤེལ་བྱས་པའི་ཉེས་པ་དང་གཡེམ་འཆལ་དངོས་རྫས་ཉོ་ཚོང་དང་འགྲེམ་སྤེལ་བྱས་ནས་ཁེ་བཟང་ཟ་བའི་ཉེས་པ་བསགས་པར་ཉེས་མང་སྡེབ་གཅོད་བྱས་ཏེ་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཉེས་ཆད་འགྱངས་གཅོད་ལོ་བཞི། དངུལ་ཆད་སྒོར༡༥༠༠ཡི་བཅད་མཚམས་བཏང་བ་དང་། ཉེས་གསོག་ལག་ཆ་ལག་ཐོགས་ཁ་པར་གཅིག་དེ་གཞུང་བཞེས་གཏོང་རྒྱུ་དང་ཁྲིམས་འགལ་ཐོབ་ཆ་སྒོར་༡༧༤་༦༨རྒྱལ་མཛོད་ལ་རྩིས་འབུལ་བྱ་རྒྱུ།།
最后,法院判决:被告人格某犯传播淫秽物品罪和贩卖、传播淫秽物品牟利罪,数罪并罚判处其有期徒刑三年,缓刑四年,并处罚金1500元。作案工具手机一部予以没收,违法所得174.68元上缴国库。
ཁྲིམས་དཔོན་གྱི་ཤ་ཚའི་དྲན་སྐུལ། དྲྭ་བ་ནི་ཁྲིམས་མེད་ཀྱི་ས་ཞིག་མ་ཡིན་ལ། དྲྭ་ཐོག་ལ་གཡེམ་འཆལ་དངོས་རྫས་འགྲེམ་སྤེལ་བྱས་ཚེ་ཀུན་གྱི་ཁ་རྡུང་མྱང་རྒྱུ་གཏན་འཁེལ་ཡིན་ལ་ཁྲིམས་ཀྱི་དྲ་བ་ནས་བྲོས་ག་ལ་ཐུབ། དྲྭ་ཐོག་གི་གཡེམ་འཆལ་དངོས་རྫས་ཀྱིས་ད་དུང་གཞོན་ནུ་དང་བྱིས་པར་གསོ་ཐབས་བྲལ་བའི་གནོད་སྐྱོན་གཏོང་སྲིད་པས། ང་ཚོས་ཀུན་སྤྱོད་གཙང་པོ་འཁྱེར་དགོས་པ་དང་ཁྲིམས་ཀྱི་འདུ་ཤེས་ཆེར་བསྐྱེད་བྱས་ཏེ། ངེད་ཚོའི་མི་རབས་རྗེས་མར་དྭངས་གཙང་གི་དྲྭ་བའི་འཁོར་ཡུག་ཅིག་དང་སྤྱི་ཚོགས་ཀྱི་གོམས་སྲོལ་གཙང་མ་ཞིག་བསྐྲུན་ནས་༼སོན་སྐྱོང༽ལས་དོན་ལ་དངོས་སུ་གྲུབ་འབྲས་ཐོབ་པར་ཤུགས་རྒྱག་དགོས།།།།
法官提醒:网络不是法外之地,网络传播淫秽物品不仅会受到道德的谴责,还会受到法律的制裁。网络传播色情,还极易对青少年身心造成不可逆转的损害,我们不仅要树立道德“高线”,划清法律“底线”,还要为我们的下一代净化网络环境、净化社会风气,推动“护苗”工作取得实效。