当前位置: 首页 > 新闻中心 > 法院新闻
拉孜县人民法院一审判决一起故意伤害罪案
作者:旦增朗珠  发布时间:2020-10-19 12:59:43 打印 字号: | |

ཟླ༡༠ཚེས༩ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་གིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་དོན་གྱོད་གཞི་ཞིག་ལ་འདྲི་རིམ་དང་པོར་བཅད་མཚམས་བཏང་། གྱོད་ཡ་ཚེ་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཉེས་ཆད་བཏང་།།

10月9日,拉孜县人民法院刑事审判庭一审宣判一起故意伤害罪案件,被告人次某犯故意伤害罪被判处有期徒刑三年。 

འདྲི་ཞིབ་བྱས་པ་བརྒྱུད་གསལ་རྟོགས་བྱུང་གསལ། གྱོད་ཡ་ཚེ་ཆེ་གེ་མོ་གཞན་དང་འཁྲུག་རྩོད་ཤོར་ཞིང་། འགལ་བ་དྲག་པོར་གྱུར་རྗེས་གནོད་འཚེ་ཕོག་མི་དང་རྒྱག་རེས་ཤོར་བ་དང་། དེའི་ཁྲོད་དུ་གནོད་འཚེ་ཕོག་མིས་གྱོད་ཡ་སར་བསྒྱེལ་བ་དང་གྱོད་ཡ་ཚེ་ཆེ་གེ་མོས་ལག་ཐོག་གི་གྲི་གནོད་འཚེ་ཕོག་མིར་བཙུགས་ཡོད། རྗེས་སུ་ཆོད་སྡོམ་བྱས་པ་བརྒྱུད་གནོད་འཚེ་ཕོག་མིར་ཚབས་ཆེ་བའི་རྨས་སྐྱོན་རིམ་པ་གཉིས་པ་བཟོས་ཡོད།།

经审理查明,被告人次某与他人发生口角,并在矛盾激化后同被害人发生肢体冲突,在冲突中被害人将被告人摁倒在地,被告人次某用手持的刀子将被害人捅伤。后经鉴定,被害人的伤情为重伤二级。

ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡ་ཚེ་ཆེ་གེ་མོས་གཞན་གྱི་ལུས་ཁམས་ལ་རྐང་བཙུགས་ནས་རྨས་སྐྱོན་བཏང་ནས་མི་གཅིག་ལ་ཚབས་ཆེ་བའི་རྨས་སྐྱོན་རིམ་པ་གཉིས་པ་བཟོས་པའི་བྱ་སྤྱོད་དེ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས༽ཀྱི་དོན་ཚན་ཉི་བརྒྱ་སུམ་ཅུ་སོ་བཞིའི་གཏན་འབེབས་ལས་འགལ་ཏེ་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་མིང་དུ་གྲུབ་ཡོད་པས། ཁྲིམས་ལྟར་ཁོ་པའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།།

法院认为,被告人次某故意伤害他人身体,致一人重伤二级,其行为已触犯《中华人民共和国刑法》第二百三十四条之规定,已构成故意伤害罪,依法应当追究其刑事责任。

མཐར་ཁྲིམས་ཁང་གིས་གྱོད་ཡ་ཚེ་ཆེ་གེ་མོའི་ཉེས་བསགས་དོན་དངོས་དང་ཉེས་ཚབས་ཆེ་ཆུང་། དེ་བཞིན་ཉེས་གསོག་ཐོག་མ་ཡིན་ཞིང་། རང་མོས་ངང་ཉེས་མིང་ངོས་ལེན་དང་ཉེས་ཆད་དང་ལེན་ཡི་གེར་འཆན་བཀོད་བྱས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གྱོད་ཡ་ཚེ་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཉེས་ཆད་དང་ཉེས་གསོག་ལག་ཆ་གྲི་དེ་གཞུང་བཞེས་གཏོང་རྒྱུའི་བཅད་མཚམས་བཏང་། གྱོད་ཡའི་ཉེས་གསོག་ཀུན་སློང་ངན་ཞིང་ཉེས་ཚབས་ཆེ་བས་ཉེས་ཆད་འགྱངས་གཅོད་མི་སྤྱོད།།།།

最后,根据被告人的犯罪事实和情节,综合被告人系初犯,并自愿签署认罪认罚具结书等情况,对被告人犯故意伤害罪判处有期徒刑三年,作案工具刀子一把予以没收。因被告人作案动机及造成的后果较为恶劣,情节较为严重,故不适用缓刑。


 
来源:刑事审判庭
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网