当前位置: 首页 > 新闻中心 > 法院新闻
拉孜法院一审判决一起因感情纠纷引发的故意伤害罪案
作者:旦增朗珠  发布时间:2020-10-19 13:00:21 打印 字号: | |

ཟླ༡༠ཚེས༡༥ཉིན་གྱི་ཕྱི་དྲོར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་བརྩེ་དུང་རྩོད་གཞིས་རྐྱེན་སློང་བྱས་པའི་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ལ་དཔྱད་མཚམས་བཏང་། གྱོད་ཡ་སྦྱིན་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་བརྒྱད་དང་ཉེས་ཆད་འགྱངས་གཅོད་ལོ་གཅིག་གི་ཆད་པ་བཅད། གྱོད་ཡ་པད་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་ལྔ་ཡི་ཆད་པ་བཅད། གྱོད་ཡ་ཤེས་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་བཞི་ཡི་ཆད་པ་བཅད།། 

10月15日下午,拉孜县人民法院宣判一起因感情纠纷引起的故意伤害罪案件。被告人紧某因犯故意伤害罪被判有期徒刑八个月,缓刑一年。被告人白某因犯故意伤害罪被判拘役五个月。被告人西某因犯故意伤害罪被判拘役四个月。

འདྲི་ཞིབ་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། གྱོད་ཡ་སྦྱིན་ཆེ་གེ་མོས་རང་ཉིད་ཀྱི་ཁྱོ་ག་དང་ལོ་མང་རིང་ཚུལ་མིན་གྱི་ཕོ་མོའི་འབྲེལ་བ་ཡོད་པའི་གནོད་འཚེ་ཕོག་མིར་འཁོན་སློག་བྱ་ཆེད་དང་སྣ་སུན་སྤྲོད་ཆེད། གྱོད་ཡ་པད་ཆེ་གེ་མོ་དང་ཤེས་ཆེ་གེ་མོ་བསྐོངས་ནས་གནོད་འཚེ་ཕོག་མིར་འགྲམ་ལྕག་གཞུ་བ་དང་ཤེལ་ཕོར་གྱིས་མགོར་གཞུ་བ། རྒྱུག་པས་གནོད་འཚེ་ཕོག་མིའི་བརླའི་གཞོགས་གཉིས་དང་རྐུབ་སོགས་ལ་གཞུས་ནས་གནོད་འཚེ་ཕོག་མིར་ཉེས་རྡུང་བཏང་། དཔྱད་སྡོམ་བྱས་པ་བརྒྱུད་གནོད་འཚེ་ཕོག་མིའི་མི་ལུས་རྨས་སྐྱོན་ཕོག་ཚད་ཚབས་ཆུང་བའི་རྨས་སྐྱོན་རིམ་པ་གཉིས་པ་ཡིན།

经审理查明,被告人紧某为报复、教训与其丈夫多年存在不正当男女关系的被害人,召集被告人白某和西某,通过对被害人扇巴掌、用玻璃杯殴打被害人头部并用剪刀剪掉其辫子、用木棍殴打被害人大腿双侧、臀部等方式,对被害人实施殴打行为。经鉴定,被害人人体损伤程度属轻伤二级。

ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡ་གསུམ་པོས་རྐང་བཙུགས་ནས་མི་གཞན་གྱི་ལུས་ཁམས་ལ་གནོད་འཚེ་བཏང་སྟེ་གནོད་འཚེ་ཕོག་མིར་་ཚབས་ཆུང་བའི་རྨས་སྐྱོན་རིམ་པ་གཉིས་པ་བཟོས་པའི་བྱ་སྤྱོད་དེ་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་མིང་གྲུབ་པ་དང་ཉེས་པ་མཉམ་གསོག་ཁོངས་སུ་གཏོགས། གྱོད་ཡ་སྦྱིན་ཆེ་གེ་མོས་དོན་སྔོན་གྲ་སྒྲིག་བྱས་ཤིང་སྐོང་ཚོགས་སྒྲིག་འཛུགས་བྱས་པ་དང་། གྱོད་ཡ་པད་ཆེ་གེ་མོས་རྒྱུག་པ་བེད་སྤྱད་ནས་གནོད་འཚེ་ཕོག་མིར་གཞུས་པ་དེ་གནོད་འཚེ་ཕོག་མིར་ཚབས་ཆུང་བའི་རྨས་སྐྱོན་རིམ་པ་གཉིས་པ་བཟོས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་གོང་གི་གྱོད་ཡ་གཉིས་པོ་ཉེས་ཅན་གཏེ་པོར་ངོས་འཛིན་དགོས། གྱོད་ཡ་ཤེས་ཆེ་གེ་མོ་རྗེས་འབྲངས་ཉེས་ཅན་པར་ངོས་འཛིན་དགོས། གཞན་ཡང་གྱོད་ཡ་སྦྱིན་ཆེ་གེ་མོར་ན་ཚ་ཚབས་ཆེན་ཕོག་ནས་རང་གིས་རང་སོར་ལྟག་རྟོག་བྱ་མི་ཐུབ་ཅིང་ཁོ་མོར་འགྱོད་བཤགས་ཀྱི་རྣམ་འགྱུར་དང་ལྡན་པས་ཉེས་ཆད་འགྱངས་སྤྱོད་སྤྱད་ཚེ་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་མེད་པས་ཉེས་ཆད་འགྱངས་སྤྱོད་གཅོད་རྒྱུའི་ཐག་བཅད།

法院认为,三名被告人共同故意伤害他人身体,致一人轻伤二级,其行为已构成故意伤害罪,且系共同犯罪。在本案中,被告人紧某具有事先准备、组织召集行为,被告人白某的行为系造成被害人轻伤二级主要原因,故二被告人应认定为主犯。被告人西某应认定为从犯。鉴于被告人紧某患有严重疾病生活不能自理,且具有悔罪表现,对其适用缓刑不致危害社会,故决定对被告人紧巴适用缓刑。

མཐར་གྱོད་གཞི་འདིའི་ཉེས་བསགས་དོན་དངོས་དང་བབ་བསྟུན། དེ་བཞིན་སྤྱི་ཚོགས་ལ་གནོད་འཚེ་ཕོག་ཚད་ལ་གཞིགས་ཏེ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས༽དོན་ཚན་ཉི་བརྒྱ་སུམ་ཅུ་སོ་བཞི་དང་དོན་ཚན་ཉི་ཤུ་རྩ་ལྔའི་དོན་ཆུང་དང་པོ། དོན་ཚན་ཉི་ཤུ་རྩ་དྲུག་གི་དོན་ཆུང་དང་པོ། དོན་ཚན་ཉི་ཤུ་རྩ་བདུན། དོན་ཚན་བཞི་བཅུ་ཞེ་གཉིས། དོན་ཚན་བཞི་བཅུ་ཞེ་བཞི། དོན་ཚན་དྲུག་ཅུ་རེ་བཞི། དོན་ཚན་བདུན་ཅུ་དོན་གཉིས། དོན་ཚན་བདུན་ཅུ་དོན་གསུམ་གྱི་དོན་ཆུང་གཉིས་པ། དོན་ཆུང་གསུམ་པ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས༽དོན་ཚན་བཅོ་ལྔ་བཅས་ཀྱི་གཏན་འབེབས་གཞིར་བཟུང་གྱོད་ཡ་སྦྱིན་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་བརྒྱད་དང་ཉེས་ཆད་འགྱངས་གཅོད་ལོ་གཅིགདང་། གྱོད་ཡ་པད་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་ལྔ། གྱོད་ཡ་ཤེས་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་བཞི་བཅས་གཅོད་རྒྱུའི་དཔྱད་མཚམས་བཏང་།།།།

最后,根据本案犯罪事实、犯罪情节及社会危害程度,依照《中华人民共和国刑法》第二百三十四条、第二十五条第一款、第二十六条第一款、第二十七条、第四十二条、第四十四条、第六十四条、第七十二条、第七十三条第二款、第三款,《中华人民共和国刑事诉讼法》第十五条之规定,判决三名被告人犯故意伤害罪,判处被告人紧某有期徒刑八个月,缓刑一年;判处被告人白某拘役五个月;判处被告人西某拘役四个月。


 
来源:刑事审判庭
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网