ཟླ༡༠ཚེས༡༥ཉིན་གྱི་སྔ་དྲོར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རྐུ་རྒྱག་གི་ཉེས་གསོག་གྱོད་གཞི་ཞིག་ལ་དཔྱད་མཚམས་བཏང་། གྱོད་ཡ་ཟླ་ཆེ་གེ་མོས་རྐུ་རྒྱག་གི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་བཅུ་གཅིག་དང་དངུལ་ཆད་སྒོར་༢༠༠༠བཅད།།
10月15日上午午,拉孜县人民法院宣判一起盗窃罪案。被告人达某因犯盗窃罪,被判处有期徒刑十一个月,并处罚金2000元。
འདྲི་གཅོད་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། གྱོད་ཡ་ཟླ་ཆེ་གེ་མོས་༢༠༢༠ལོའི་ཟླ་༧ཚེས་༡༩ཉིན་ལ་དགོན་སྡེ་ཞིག་ནང་འཛུལ་ཏེ་ཁ་པར་གཅིག་དང་ཆུ་ཚོད་གཅིག་རྐུ་མ་བརྒྱབ་པ་དང་། དཔྱད་སྡོམ་བྱས་པ་བརྒྱུད་ཤེས་གསལ། རྐུ་མ་ཤོར་བའི་ཁ་པར་གྱི་གོང་ཚད་སྒོར་༩༡༥༠ཡིན་ཞིང་ཆུ་ཚོད་ཀྱི་གོང་ཚད་སྒོར་༨༡༠ཡིན། ཟླ་༧ཚེས་༢༢ཉིན་ཉེན་རྟོག་པའི་ཁ་པར་སླེབས་རྗེས་གྱོད་ཡ་ཟླ་ཆེ་གེ་མོས་རང་ཉེས་ངོས་ལེན་བྱས་ཤིང་བཙོག་དངོས་ཚང་མ་གོང་འབུལ་བྱས། ཞུ་གཏུག་ཞིབ་བཤེར་བྱེད་པིའི་བརྒྱུད་རིམ་ཁྲོད་གྱོད་ཡ་ཟླ་ཆེ་གེ་མོས་རང་མོས་ཐོག་ཉེས་མིང་ངོས་ལེན་དང་ཉེས་ཆད་དང་ལེན་འགན་ལེན་ཡི་གེར་མཆན་བཀོད་བྱས།།
经审理查明,被告人达某于2020年7月19日进入某寺庙盗取一部手机、一块手表。经鉴定,被盗手机价格为9150元,被盗手表价格为810元。7月22日,被告人在接到办案民警电话时投案自首,并上交了所有赃物。在审查起诉阶段被告人自愿签署了认罪认罚具结书。
ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡ་ཟླ་ཆེ་གེ་མོས་ཁྲིམས་འགལ་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་གཞན་གྱི་ཁྱིམ་ནང་འཛུལ་ནས་གསང་བའི་ངང་ནས་གཞན་གྱི་རྒྱུ་ནོར་བརྐུས་པ་པའི་བྱ་སྤྱོད་དེ་རྐུ་རྒྱག་གི་ཉེས་མིང་དུ་གྲུབ། གྱོད་ཡས་དེ་སྔོན་རྐུ་རྒྱག་གི་ཉེས་པ་བསགས་ནས་དུས་བཀག་བཙོན་འཇུག་ཡན་གྱི་ཉེས་ཆད་ཕོག་མྱོང་བ་དང་ཉེས་ཆད་ལག་བསྟར་བྱས་རྗེས་ཀྱི་ལོ་ལྔའི་ནང་ཚུན་དུ་ཡང་བསྐྱར་དུས་བཀག་བཙོན་འཇུག་ཡན་གྱི་ཉེས་ཆད་གཅོད་འོས་པའི་ཉེས་པ་བསགས་སྟབས། བྱས་ཉེས་རིམ་གསོག་ཁོངས་སུ་གཏོགས་པས་ཁྲིམས་ལྟར་ཆད་པ་ལྕི་གཅོད་བྱ་དགོས། གྱོད་ཡ་ཟླ་ཆེ་གེ་མོས་ཁྱིམ་འཛུལ་རྐུ་འཁྱེར་བྱས་པས་ཁྲིམས་ཆད་ལྕི་གཅོད་བྱ་དགོས། གཞན་ཡང་གྱོད་ཡ་ཟླ་ཆེ་གེ་མོར་རང་ཉེས་ངོས་ཞུ་བྱས་ཤིང་། ཉེས་མིང་ངོས་ལེན་དང་ཉེས་ཆད་དང་ལེན་བྱས་པ། བཙོག་དངོས་ཕྱིར་ལོག་བྱས་ཤིང་གནོད་འཚེ་ཕོག་མིའི་བསམ་ཤེས་ཐོབ་པ་བཅས་ཀྱི་བབ་བསྟུན་དང་ལྡན་པས་ཁྲིམས་ལྟར་ཆད་པ་གུ་ཡང་བྱས་ཆོག །
法院认为,被告人达某以非法占有为目的,入户秘密窃取他人财物,其行为已构成盗窃罪。鉴于被告人之前因犯盗窃罪被判处有期徒刑以上刑罚,在刑罚执行完毕后五年内故意再犯应处有期徒刑以上刑罚之罪,属累犯,依法应当从重处罚。被告人达某入户盗窃,应酌定从重处罚。另外,被告人达某具有自首、认罪认罚、返还赃物并取得被害人谅解等情节,依法应予以从宽处罚。
མཐར་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས༽དོན་ཚན་ཉི་བརྒྱ་དྲུག་ཅུ་རེ་བཞི་དང་དོན་ཚན་དྲུག་ཅུ་རེ་བདུན། དོན་ཚན་དྲུག་ཅུ་རེ་ལྔ། དོན་ཚན་ལྔ་བཅུ་ང་གཉིས། དོན་ཚན་ལྔ་བཅུ་ང་གསུམ། དོན་ཚན་དྲུག་ཅུ་རེ་བཞི། ༼ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྐུ་འཁྱེར་གྱི་ཉེས་དོན་གྱོད་གཞིར་འདྲི་ཞིབ་བྱེད་སྐབས་ཀྱི་ཁྲིམས་ལུགས་སྤྱོད་ཕྱོགས་གནད་དོན་འགའི་འགྲེལ་བ༽ཡི་དོན་ཚན་དང་པོ་དང་དོན་ཚན་གསུམ་པའི་དོན་ཆུང་གཉིས་པ། དོན་ཚན་བཅུ་བཞི་བཅས་ཀྱི་གཏན་འབེབས་གཞིར་བཟུང་དཔྱད་མཚམས་གཏོང་རྒྱུར། གྱོད་ཡ་ཟླ་ཆེ་གེ་མོས་རྐུ་རྒྱག་གི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་བཅུ་གཅིག་དང་དངུལ་ཆད་སྒོར་༢༠༠༠གཅོད་རྒྱུ།།
最后,依照《中华人民共和国刑法》第二百六十四条、第六十七条、第六十五条、第五十二条、第五十三条、第六十四条,《最高人民法院 最高人民检察院关于办理盗窃刑事案件适用法律若干问题的解释》第一条、第三条第二款、第十四条之规定,判决被告人达某犯盗窃罪,判处有期徒刑十一个月,并处罚金人民币2000元。