当前位置: 首页 > 新闻中心 > 法院新闻
拉孜法院成功保全价值144万余元财产
ལྷ་རྩེ་ཁྲིམས་ཁང་གིས་སྒོར་ཁྲི་༡༤༤ལྷག་ཙམ་གྱི་རྒྱུ་དངོས་ལ་གེགས་སྲུང་བྱས།
  发布时间:2022-05-18 11:29:28 打印 字号: | |

3月23日,拉孜县人民法院在分别审理原告嘎某与被告张某等机动车交通事故责任纠纷,原告杨某与被告刘某、张某承揽合同纠纷,原告刘某与被告西藏某工程设计咨询有限公司租赁合同纠纷中,通过立案、民事法官耐心释法,三起案件原告以提供保单保函形式申请了财产保全。ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་མཁན་སྐར་ཆེ་གེ་མོ་དང་ཞུ་གཏུག་ཕོག་མི་ཀྲང་ཆེ་གེ་མོའི་དབར་གྱི་འགྲིམ་འགྲུལ་དོན་རྐྱེན་འགན་འཁྲིའི་རྩོད་གཞི་དང་། ཞུ་གཏུག་མཁན་ཡང་ཆེ་གེ་མོ་དང་ཞུ་གཏུག་ཕོག་མི་ཀྲང་ཆེ་གེ་མོའི་དབར་གྱི་འགན་ལེན་གན་རྒྱའི་རྩོད་གཞི། དེ་བཞིན་ཞུ་གཏུག་མཁན་ལེའུ་ཆེ་གེ་མོ་དང་ཞུ་གཏུག་ཕོག་མཁན་ཇུས་བཀོད་ཀུང་སི་ཆེ་གེ་མོའི་དབར་གྱི་བོགས་གཏོང་གན་རྒྱའི་རྩོད་གཞི་བཅས་ལ་འདྲི་གཅོད་བྱེད་རིང་། གྱོད་དོན་ཐོ་འགོད་བྱེད་མཁན་དང་དམངས་དོན་འདྲི་གཅོད་བྱེད་མཁན་ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོའི་ངང་ནས་ཁྲིམས་ལུགས་གསལ་འགྲེལ་བྱས་པ་བརྒྱུད། གྱོད་གཞི་གསུམ་པོའི་ཞུ་གཏུག་མཁན་གྱིས་གཏའ་མ་འདོན་སྤྲོད་བྱས་ཏེ་རྒྱུ་ནོར་གེགས་སྲུང་བྱ་རྒྱུའི་རེ་ཞུ་བཏོན་པ་རེད།

保全案件立案后,执行团队严格按照繁简分流机制,将三起案件分至执行简案快执团队,第一时间对被申请人的财产进行了总队总查控。鉴于被申请人动产登记地均在区外及其他地市,快执团队通过指挥平台事项委托向区内外三家法院线上委托。通过兄弟法院的积极协助,先后成功查封8辆汽车所有权和项目资金40万等,保全完毕金额达144万余元。通过诉前、诉中、执行等阶段的缜密配合和全国法院“一盘棋”的执行格局,让“信息化多跑路,让当事人、法官少跑腿”成为现实,让申请人“高枕无忧”地进行诉讼成为现实,坚决避免诉中转移资产成为现实。རྒྱུ་ནོར་གེགས་སྲུང་གྱོད་གཞི་ཐོ་བཀོད་བྱས་རྗེས། ལག་བསྟར་ཚོགས་པས་གྱོད་གཞིའི་རྙོག་སླ་དབྱེ་འབྱེད་ལམ་ལུགས་གཞིར་བཟུང་གྱོད་གཞི་གསུམ་པོ་མྱུར་བསྟར་ཚོགས་པར་བགོ་བཤའ་བརྒྱབ་པ་དང་། དུས་ཐོག་ངང་ལས་སྒོའི་དྲྭ་ལམ་མ་ལག་བརྒྱུད་དེ་རེ་ཞུ་ཕོག་མཁན་གྱི་རྒྱུ་ནོར་ལ་བརྟག་དཔྱད་བྱས་པ་རེད། རེ་ཞུ་ཕོག་མཁན་གྱི་འཁྱེར་ནོར་ཡོངས་རྫོགས་ལྗོངས་ཕྱིའམ་གྲོང་ཁྱེར་གཞན་དུ་ཐོག་འགོད་བྱས་པར་བརྟེན། མྱུར་བསྟར་ཚོགས་པས་བཀོད་འདོམས་སྟེགས་བུ་བརྒྱུད་ནས་ལྗོངས་ཕྱི་ནང་གི་ཁྲིམས་ཁང་གསུམ་ལ་དྲྭ་ཐོག་ནས་མངགས་བཅོལ་བྱས་ཤིང་། འབྲེལ་ཡོད་ཁྲིམས་ཁང་ནས་ཧུར་བརྩོན་ཆེན་པོས་གཞོགས་འདེགས་བྱས་པ་བརྒྱུད་སྔ་རྗེས་སུ་རླངས་འཁོར་༨གྱི་བདག་དབང་དང་རྣམ་གྲངས་༡གི་མ་དངུལ་སྒོར་ཁྲི་༤༠བཅས་ཁྱོན་དངུལ་གྲངས་སྒོར་ཁྲི་༡༤༤ལྷག་ཙམ་གེགས་སྲུང་ཐུབ་པ་རེད། གཏུག་བཤེར་སྔོན་དང་གཏུག་བཤེར་དཀྱིལ། དེ་བཞིན་ལག་བསྟར་བཅས་གོ་རིམ་གསུམ་བར་ཞིབ་ཚགས་རམ་འདེགས་བྱས་པ་དང་རྒྱལ་ཡོངས་ཁྲིམས་ཁང་མིག་མངས་སྒྲིག་གཅིག་ལྟ་བུའི་ལག་བསྟར་རོགས་འདེགས་བྱ་ཐབས་ལ་བརྟེན་ཏེ། ཆ་འཕྲིན་ཅན་གྱི་སྟབས་བདེའི་རང་བཞིན་མངོན་འགྱུར་བྱུང་ལ་རེ་ཞུ་མཁན་ཚོས་སེམས་ཁྲལ་མེད་པར་གཏུག་བཤེར་ལ་ཞུགས་ཐུབ་པ་དང་། གཏུག་བཤེར་ཁྲོད་རྒྱུ་ནོར་སྤོ་སྒྱུར་བྱེད་སྲིད་པའི་བྱ་སྤྱོད་ལ་སྔོན་འགོག་བྱེད་པ་བཅས་མངོན་འགྱུར་བྱུང་ཡོད།

法官提醒:如果您的合法权益受到侵害后想寻求诉讼救济,认为他人行为可能会使将来的判决难以执行或者给自己造成其他损失的,可以在诉前、诉中、执行前,向人民法院申请财产保全。འདི་གར་ཁྲིམས་དཔོན་གྱིས་ཤ་ཚའི་དྲན་སྐུལ་ཞུ་རྒྱུར། གལ་སྲིད་ཁྱེད་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་རྗེས་མི་གཞན་གྱི་བྱ་སྤྱོད་ཀྱིས་དཔྱད་ཁྲར་ལག་བསྟར་བྱེད་དཀའ་བའམ་རང་ཉིད་ལ་གྱོང་གུན་གཞན་ཕོག་སྲིད་པར་སྙམས་ཚེ། གཏུག་བཤེར་སྔོན་དང་གཏུག་བཤེར་ཁྲོད། ཡང་ནས་ལག་བསྟར་གྱི་སྔོན་དུ་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་གེགས་སྲུང་བྱེད་རྒྱུའི་རེ་ཞུ་བཏོན་ཆོགས།།།།


 
来源:执行局
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网