5月25日,寄托着10名工友的谢意,索朗旦增等3名农民工找到拉孜法院执行团队就法院帮助几位农民工快速执行到位劳务工资5万余元致以锦旗,并向办案人员献上哈达致谢。
ཟླ་༥ཚེས་༢༥ཉིན། བསོད་ནམས་བསྟན་འཛིན་སོགས་ཨར་ལས་པ་གསུམ་གྱིས་ལས་རོགས་བཅུས་མངགས་པའི་སེམས་འདུན་དང་བཅས་ཏེ་ལྷ་རྩེ་ཁྲིམས་ཁང་གི་ལག་བསྟར་ཚོགས་པ་འཚལ་ནས། ཁྲིམས་ཁང་གིས་ཨར་ལས་པ་ཚོའི་གླ་ཆ་སྒོར་ཁྲི་༥ལྷག་ཙམ་ལེན་རོགས་བྱས་པར་བསྟོད་དར་ཕུལ་ཞིང་གྱོད་སྒྲུབ་མི་སྣར་མཇལ་དར་སྒྲོན་ནས་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད།།
“从2019年年初务工开始,到现在已经第三个年头了,终于在执行法官的帮助下拿到了工资,太感谢你们了!”索朗旦增情绪激动地说道。
བསོད་ནམས་བསྟན་འཛིན་གྱིས་གསུངས་དོན། ༢༠༡༩ལོའི་ལོ་འགོར་ལས་ཀ་བྱས་པ་ནས་བཟུང་ལོ་གསུམ་འཁོར་སོང་། མཐར་ལག་བསྟར་ཁྲིམས་དཔོན་གྱི་རོགས་རམ་འོག་གླ་ཆ་ལེན་ཐུབ་སོང་བས་དངོས་ནས་ཁྱེད་རྣམ་པར་ཐུགས་རྗེ་ཞུ་རྒྱུ་ཡིན།།
原来,2019年索朗旦增等13人与云某签订劳务合同,约定在日喀则和阿里等多地进行电缆布线等劳务工作,但当13名农民工完成劳务义务后云某却未按约定支付劳动报酬。13名农民工无奈提起民事诉讼,诉讼阶段双方达成调解协议,但云某依旧未在约定期限内履行给付义务。
༢༠༡༩ལོར་བསོད་ནམས་བསྟན་འཛིན་སོགས་པའི་ཨར་ལས་པ་༡༣གྱིས་ཡོན་ཆེ་གེ་མོ་དང་ངལ་ལས་གན་རྒྱ་བཞག་ནས་གཞིས་ཀ་རྩེ་དང་མངའ་རིས་སོགས་པའི་སར་གློག་སྐུད་ཁྲིད་རྒྱུའི་ངལ་རྩོལ་སྤེལ་རྒྱུ་བྱས། འོན་ཀྱང་ཨར་ལས་པ་༡༣གྱིས་ངལ་རྩོལ་འོས་འགན་སྒྲུབ་ཚར་རྗེས་ཡོན་ཆེ་གེ་མོས་གན་རྒྱ་བཞིན་གླ་ཆ་མ་སྤྲད་པ་དང་། འུ་ཐུག་ཐབས་ཟད་འོག་ཨར་ལས་པ་༡༣གྱིས་ཞུ་གཏུག་རྒྱབ་པ་དང་། ཞུ་གཏུག་རྒྱག་རིང་ཕྱོགས་གཉིས་བར་གྲོས་དན་བཞག་པ་རེད། ཡིན་ཡང་ཡོན་ཆེ་གེ་མོས་སྔར་བཞིན་གྲོས་མཐུན་བྱུང་བའི་དུས་ཆད་ནང་གླ་ཆ་སྤྲད་མེད།།
该案申请执行后,法院立即启动民生案件绿色通道制度,案件分到了快执团队手中,法官马上开展线上线下财产查控措施,并向被执行人晓之以理、警之以法,被执行人云某最终在执行高压下自动履行了全部给付义务,索朗旦增等13名农民工最终拿到了自己的劳务报酬。
གྱོད་གཞི་འདི་ལག་བསྟར་གོ་རིམ་ལ་སླེབས་རྗེས། ཁྲིམས་ཁང་གིས་ལམ་སེང་དམངས་འཚོའི་གྱོད་གཞིའི་ཤར་བགྲོད་ལམ་ལུགས་སྤྱད་ནས་གྱོད་གཞི་མྱུར་བསྟར་ཚོགས་པར་བགོད་པ་རེད། ཁྲིམས་དཔོན་གྱིས་དྲྭ་ཐོག་དང་དངོས་པོའི་རྒྱུ་ནོར་ལ་བརྩི་བཤེར་དང་བཀག་འདོམས་བྱས་ཤིང་། ལག་བསྟར་བྱ་ཡུལ་ལ་གནས་ལུགས་བརྗོད་ཅིང་ཁྲིམས་ཀྱི་གཏན་འབེབས་འགྲེལ་བཤད་བརྒྱབ་པ་བརྒྱུད་ཉེན་བརྡ་སྤྲད་པས། མཐར་ཡོན་ཆེ་གེ་མོ་གནོན་ཤུགས་ཆེན་པོའི་འོག་འོས་འགན་སྒྲུབ་དགོས་བྱུང་པ་རེད། མཐར་བསོད་ནམས་བསྟན་འཛིན་སོགས་པའི་ཨར་ལས་པ་༡༣ལ་རང་ཉིད་ཀྱི་གླ་ཆ་ལེན་ཐུབ་པ་རེད།།
农民工们一声声道谢是对法院执行最大的肯定。面对频频致谢的农民工,法官嘴里却只有一句:“人民法官为人民,职责所在!”。
ཨར་ལས་པ་ཚོས་ཐུགས་རྗེ་ཞུས་པ་དེ་ཁྲིམས་ཁང་གི་ལས་དོན་ལ་སྦྱིན་པའི་ཆེས་ཆེ་བའི་བསྟོད་བསྔགས་ཡིན། ཐུགས་རྗེ་ཆེ་ཞུ་བའི་ཨར་ལས་པར་ཁྲིམས་དཔོན་གྱིས་ལན་སློག་རྒྱུར་མི་དམངས་ཁྲིམས་དཔོན་དམངས་ཆེད་བརྩོན། དེ་ནི་ལས་འགན་ཡིན་པས་སོ་ཞེས་པ་ཁོ་ནའོ།།
法官提醒:案件当事人应当尊重审判机关生效裁判文书效力,积极主动履行生效裁判文书确定的义务。若以各种“躲猫猫”方式拒不履行人民法院生效裁判文书确定的义务或抗拒、规避执行的,必将受到法律的严厉制裁。
ཁྲིམས་དཔོན་གྱིས་དྲན་སྐུལ་ཞུ་རྒྱུར། དོ་བདག་གིས་ངེས་པར་ནུས་ཐོན་ཁྲིམས་ལུགས་ཡིག་ཆར་བརྩི་སྲུང་ཞུ་དགོས་ཤིང་རང་འགུལ་ངང་ཁྲུན་གཅོད་ཡིག་རིགས་ཐོག་གཏན་ལ་ཕབ་པའི་འོས་འགན་སྒྲུབ་དགོས་པ་ལས་གཡོལ་གང་ཐབས་དང་ལག་བསྟར་ལ་གཡོ་ཟོལ་དང་བཀག་འགོག་བྱས་ཚེ་ཁྲིམས་ཀྱི་ནན་གཅོད་ཕོག་རྒྱུ་གཏན་འཁེལ་རེད།།།།