5月31日,拉孜县人民法院执行局向23名农牧民申请执行人集中发放执行款26万余元。
ཟླ་༥ཚེས་༣༡ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུད་ཀྱིས་ཞིང་འབྲོག་པ་ལག་བསྟར་རེ་ཞུ་མཁན་༢༣ལ་ལག་བསྟར་གྱོད་དངུལ་སྒོར་ཁྲི་༢༦ལྷག་ཙམ་ཞིག་སྤྲད་པ་རེད།།
2016年,某建设工程有限公司获得拉孜县某公路工程施工资格后,将该工程转包给不具备施工资质的叶某。叶某在具体施工过程中,先后与加央等23人达成口头协议,约定由23人负责沙石运输和机械租赁。23人依约履行运输、租赁等全部义务后,叶某却迟迟拒不支付运输租赁费。经相关部门多次协调无果后,他们无奈向法院提起了民事诉讼。
༢༠༡༦ལོར། འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སི་ཞིག་གིས་ལྷ་རྩེ་རྫོང་གི་གཞུང་ལམ་ལས་གྲྭ་ཞིག་གི་འཛུགས་སྐྲུན་ཐོབ་ཐང་ཐོབ་རྗེས། ལས་གྲྭ་དེ་འཛུགས་སྐྲུན་ཐོབ་ཐང་མི་ལྡན་པའི་ཡེ་ཆེ་གེ་མོར་སྒྱུར་སྤྲད་བྱས་པ་དང་། ཡེ་ཆེ་གེ་མོས་དངོས་སུ་འཛུགས་སྐྲུན་བྱེད་སྐབས་འཇམ་དབྱངས་སོགས་པའི་མི་༢༣དབར་ས་རྡོ་དབོར་འདྲེན་དང་འཕྲུལ་འཁོར་བོགས་གཏོང་གི་ངག་ཐོག་གྲོས་མཐུན་བྱུང་བ་རེད། འོན་ཀྱང་ཞིང་འབྲོག་པ་༢༣གྱིས་གྲོས་མཐུན་བཞིན་དབོར་འདྲེན་དང་བོགས་གཏོང་གི་འོས་འགན་ཚང་མ་སྒྲུབ་ཚར་རྗེས་ཡེ་ཆེ་གེ་མོས་འབྲེལ་ཡོད་གྲོན་དངུལ་མ་སྤྲད་པ་རེད། འབྲེལ་ཡོད་ཚན་པས་འདུམ་འགྲིག་ཐེངས་མང་བྱས་རུང་འབྲས་བུ་མི་ཐོན་པས་ཁོང་ཚོ་འུ་ཐུག་ཐབས་ཟད་འོག་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།།
案件历经民事一审、二审程序,法院依法判决叶某支付所欠款项。案件进入执行程序后,法院依法冻结并划拨了叶某在工程发包方某交通运输局缴纳的履约保证金。但该项目承包方某建设工程有限公司提出执行异议,案件再次进入了执行异议程序,经过执行异议之诉一、二审,法院依法判决认定履约保证金属叶某所有,将其中26万余元依法划拨并发放给23名农牧民申请执行人。目前,剩余欠款正在执行中。
གྱོད་གཞི་འདི་དམངས་དོན་འདྲི་རིམ་དང་པོ་དང་གཉིས་པ་རྒྱུད། ཁྲིམས་ཁང་གིས་ཁྲིམས་ལྟར་ཡེ་ཆེ་གེ་མོས་ཆད་དངུལ་སྤྲོད་དགོས་པའི་དཔྱད་མཚམས་བཏང་བ་རེད། ལག་བསྟར་གོ་རིམ་ལ་སླེབས་རྗེས། ཁྲིམས་ཁང་གིས་ཁྲིམས་ལྟ་ཡེ་ཆེ་གེ་མོས་ལས་གྲྭ་གཏོང་མཁན་འགྲིམ་འགྲུལ་དབོར་འདྲེན་ཅུད་ཞིག་གི་སར་བསྐྱལ་བའི་གན་སྒྲུབ་འགན་ལེན་གྲོན་དངུལ་ལ་སྤྱོད་སྡོམ་བྱས་ཤིང་བགོས་གཏོང་བྱས་པ་རེད། འོན་ཀྱང་ལས་གྲྭ་དེའི་འགན་འཁུར་བ་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཆེ་གེ་མོས་ལག་བསྟར་ལ་བསམ་འཆར་མི་མཐུན་པ་བཏོན་ཏེ་གྱོད་གཞི་ལག་བསྟར་ལ་བསམ་འཆར་མི་མཐུན་པ་འདོན་པའི་གོ་རིམ་འགྲིམ་དགོས་བྱུང་པ་རེད། ལག་བསྟར་ལ་བསམ་འཆར་མི་མཐུན་པ་འདོན་པའི་གོ་རིམ་གྱི་འདྲི་རིམ་དང་པོ་དང་གཉིས་པའི་གོ་རིམ་རྒྱུད། ཁྲིམས་ཁང་གིས་ཁྲིམས་ལྟར་གན་སྒྲུབ་འགན་ལེན་གྲོན་དངུལ་འདི་ཉིད་ཡེ་ཆེ་གེ་མོར་དག་པའི་ངོས་འཛིན་གྱི་དཔྱད་མཚམས་བཏང་བ་རེད། ཁྲིམས་ཁང་གིས་གན་སྒྲུབ་འགན་ལེན་གྲོན་དངུལ་ནང་གི་སྒོར་ཁྲི་༢༦ལྷག་ཙམ་ཞིང་འབྲོག་པ་ལག་བསྟར་རེ་ཞུ་མཁན་ལ་སྤྲད་པ་རེད། མིག་སྔར་ཆད་དངུལ་ལྷག་མར་ཁྲིམས་ཁང་གིས་ད་དུང་ལག་བསྟར་བྱེད་བཞིན་ཡོད་པ་རེད།།
法官提醒:在司法实践中,个别当事人滥用诉权,无端提出执行异议等拖延案件进程的行为屡见不鲜。司法资源作为我国重要的社会公用资源,全社会应当在充分保障自身合法权益基础上,严格遵守正常的诉讼秩序,坚决杜绝以滥用诉权、恶意诉讼等行为影响法治社会建设和司法权威,铭记“正义也许会迟到,但绝不会缺席”。
ཁྲིམས་དཔོན་གྱིས་དྲན་སྐུལ་ཞུ་དོན། ཁྲིམས་འཛིན་ལག་ལེན་ཁྲོད་དུ་དོ་བདག་རེ་ཞིག་གིས་གཏུག་དབང་གང་བྱུང་དུ་སྤྱད་ནས་དོན་མེད་དུ་ལག་བསྟར་ལ་བསམ་འཆར་མི་འདྲ་བ་འདོན་པ་སོགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གྱོད་དོན་བདེ་བླག་ངང་སྒྲུབ་དུ་མི་བཅུག་པའི་གནས་ཚུལ་མང་པོ་ལྷག་བཞིན་ཡོད། ཁྲིམས་འཛིན་ཐོན་ཁུངས་ཞེས་པ་ནི་རང་རྒྱལ་གྱི་ཧ་ཅང་གལ་ཆེ་བའི་སྤྱི་ཚོགས་ཐོན་ཁུངས་ཤིག་གི་རིགས་ཡིན་ཏེ། སྤྱི་ཚོགས་ཡོངས་ཀྱི་རང་སོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ངེས་པར་དུ་ཚུལ་མཐུན་གྱི་གཏུག་བཤེར་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས། གཏུག་དབང་གང་བྱུང་དུ་བེད་སྤྱད་པའམ་ངན་སེམས་གཏུག་བཤེར་བྱེད་པའི་བྱ་སྤྱོད་ཀྱིས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་དང་ཁྲིམས་འཛིན་དབང་གྲགས་ལ་གནོད་མི་རུང་། ངེས་པར་དུ་དྲང་བདེན་འདི་ཉིད་ཕྱི་འབྱོར་བྱེད་སྲིད་ཀྱང་ཆད་མི་སྲིད་ཞེས་པའི་གཏམ་འདི་བློ་ལ་ངེས་དགོས།།།།