6月1日,拉孜法院民事简案团队成功调解一起涉及本诉、反诉的买卖合同纠纷案件。通过法官的耐心调解,该案得以妥善化解,当事人即时履行给付义务,取得了良好的法律效果和社会效果。
ཟླ་༦ཚེས་༡ཉིན། ལྷ་རྩེ་ཁྲིམས་ཁང་གི་དམངས་དོན་སྟབས་བདེའི་གྱོད་རིགས་གྱོད་སྒྲུབ་ཚོགས་པས། གཏུག་བཤེར་དང་ལྡོག་གཏུག་གཉིས་ལྡན་གྱི་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་ལ་འདུམ་འགྲིག་བྱས་པ་རེད། ཁྲིམས་དཔོན་གྱིས་ངང་རིང་ཟོལ་མེད་ཀྱིས་འདུམ་འགྲིག་བྱས་པ་བརྒྱུས། གྱོད་དོན་བདེ་བླག་ངང་སྒྲུབ་པ་མ་ཟད། དོ་བདག་གིས་རང་སར་འཇལ་སྤྲོད་འགན་འཁྲི་སྒྲུབ་པས། ཁྲིམས་ལུགས་ཕན་ཡོན་དང་སྤྱི་ཚོགས་ཕན་ཡོན་གཉིས་ལྡན་གྱི་མཇུག་འབྲས་བཟང་པོ་ཐོབ་པ་རེད།།
此案中,本年初某公司与次某签订买卖合同,因次某未按约履行义务,原告遂将次某诉至法院。但在审理过程中,被告次某在答辩期限内提起反诉,要求某公司支付损失费,双方“剑拔弩张”,不肯让步,且不愿调解。
གྱོད་གཞི་འདིའི་ནང་། ད་ལོའི་ལོ་འགོར་ཀུང་སི་ཞིག་གིས་ཚེ་ཆེ་གེ་མོ་དང་ཉོ་ཚོང་གན་རྒྱག་བཞག་པ་དང་། ཚེ་ཆེ་གེ་མོས་འོས་འགན་སྒྲུབ་མེད་པས། ཚེ་ཆེ་གེ་མོ་ཁྲིམས་ཁང་ལ་གཏུགས་པ་རེད། འོན་ཀྱང་འདྲི་ཞིབ་བྱེད་སྐབས་ཞུ་གཏུག་ཕོག་མི་ཚེ་ཆེ་གེ་མོས་ལན་འདེབས་དུས་ཆད་ནང་ལྡོག་གཏུག་བྱས་ནས་ཀུང་སིས་གུན་གསབ་གྲོན་དངུལ་སྤྲོད་དགོས་པའི་རེ་བ་བཏོན་པ་རེད།།
法官即刻排期,定于6月1日开庭审理。但考虑到案件标的较小,本着减轻群众诉累的原则,法官在开庭前再次组织双方开展调解。调解过程中,面对双方针锋相对的诉讼请求,法官耐心释法解惑,最终双方当事人握手言和并于当日即时履行了全部给付义务。
ཁྲིམས་དཔོན་གྱིས་ལམ་སེང་གྲ་སྒྲིག་བྱས་ནས་ཟླ་༦ཚེས་༡ལ་ཁྲིམས་ར་འཚོག་རྒྱུ་བྱས། འོན་ཀྱང་གྱོད་དངུལ་ཅུང་ཉུང་བར་བསམ་བློ་བཏང་ཞིང་། མང་ཚོགས་ཀྱི་གཏུག་བཤེར་དཀའ་བ་སེལ་ཆེད་ཀྱི་རྩ་དོན་འཛིན་ནས་ཁྲིམས་ར་མ་འཚོག་གོང་ཡང་བསྐྱར་ཕྱོགས་གཉིས་ཀ་སྒྲིག་འཛུགས་བྱས་ནས་འདུམ་འགྲིག་བྱས་པ་རེད། འདུམ་འགྲིག་བྱེད་རིང་། ཁྲིམས་དཔོན་གྱིས་དོ་བདག་གཉིས་ཀྱི་མི་འདྲ་བའི་གཏུག་བཤེར་རེ་ཞུར་གཞིགས་ཏེ་ངང་རྒྱུད་རིང་པོས་ཁྲིམས་ལུགས་འགྲེལ་བཤད་བྱས་པ་བརྒྱུས། མཐར་དོ་བདག་གཉིས་བར་ཞི་མཐུན་བྱུང་ཞིང་། ཉིན་དེ་རང་ལ་འཇལ་སྤྲོད་འོས་འགན་ཡོངས་རྫོགས་སྒྲུབ་ཚར་བ་རེད།།།།