6月14日,拉孜县人民法院开庭审理一起故意伤害罪案件并当庭宣判,被告人获刑拘役三个月,缓刑四个月。
ཟླ་༦ཚེས་༡༤ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་ཞིག་ལ་འདྲི་ཞིབ་བྱས་ཤིང་ཁྲིམས་རའི་ཐོག་དཔྱད་མཚམས་བཏང་བ་རེད། གྱོད་ཡར་བཙན་ཉར་ལས་སྐུལ་ཟླ་བ་གསུམ་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་བཞིའི་ཉེས་ཆད་ཕོག་པ་རེད།།
该案中,被告人和被害人本是叔侄关系,两人因琐事发生争吵,最后互扔石头大打出手,不仅导致被害人轻伤二级,被告人也被至轻微伤。
གྱོད་གཞི་འདིའི་ནང་གྱོད་ཡ་དང་གནོད་འཚེ་ཕོག་མི་གཉིས་ཨ་ཁུ་དང་ཚ་བོའི་འབྲེལ་བ་ཡིན་རུང་། ཁོ་གཉིས་དོན་ཆུང་ཙག་ཙིག་ཐོག་འཁྲུག་རྩོད་ཤོར་ཞིང་། མཐར་རྡོ་ཞུ་རེས་བྱས་ནས་རྒྱག་རེས་བརྒྱབ་པས་གནོད་འཚེ་ཕོག་མིར་རྨས་སྐྱོན་ཆུང་གྲས་རིམ་པ་གཉིས་པ་ཕོག་ཅིང་། གྱོད་ཡ་རང་ཉིད་ལ་ཡང་རྨས་སྐྱོན་ཆུང་ངུ་ཕོག་པ་རེད།།
法院认为,被告人使用暴力致被害人轻伤二级,其行为已构成故意伤害罪,鉴于被告人有自首情节,如实供述了自己的罪行,自愿签署了认罪认罚具结书,并赔偿了被害人的经济损失,取得了被害人的谅解,故予以从轻处罚。适用缓刑对所居住社区,没有不利影响,确实不致再危害社会,遂作出了上述判决。
ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡས་དྲག་ཤུགས་སྤྱད་ནས་གནོད་འཚེ་ཕོག་མིར་རྨས་སྐྱོན་ཆུང་གྲས་རིམ་པ་གཉིས་པ་བཟོས་པའི་བྱ་སྤྱོད་དེ་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་མིང་དུ་གྲུབ། འོན་ཀྱང་གྱོད་ཡས་རང་ཉེས་རང་ཞུ་བྱས་ཤིང་། དོན་དངོས་བཞིན་རང་ཉིད་ཀྱི་ཉེས་བསགས་དོན་དངོས་ངོས་ལེན་ཞུས་པ་དང་། རང་མོས་ཐོག་རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་གྱི་འགན་ལེན་ཡི་གེར་མཆན་བཀོད་བྱས་པ། ད་དུང་གནོད་འཚེ་ཕོག་མིར་དཔལ་འབྱོར་གུན་གསབ་བྱས་ནས་གནོད་འཚེ་ཕོག་མིའི་བསམ་ཤེས་ཐོབ་སྟབས་ཉེས་ཆད་ཡང་གཅོད་བྱས་པ་དང་། ཁྲིམས་ཆད་འགྱངས་གཅོད་བྱས་ཚེ་སྡེ་ཁུལ་ལ་གནོད་རྐྱོན་གཏོང་བའི་ཉེན་ཁ་མེད་ཅིང་སྤྱི་ཚོགས་ལ་སླར་ཡང་གནོད་སྐྱོན་གཏོང་སྲིད་པའི་ཉེན་ཁ་མེད་པས་གོང་གསལ་དཔྱད་མཚམས་བཏང་བ་རེད།།
法官提醒:忍一时风平浪静,退一步海阔天空。发生纠纷要理智处理,采取暴力的方式处理问题,结果只能是两败俱伤。此案中被告人不仅因打架受伤需要治疗,而且因犯故意伤害罪被判刑,真可谓得不偿失。
ཁྲིམས་དཔོན་གྱིས་དྲན་སྐུལ་ཞུ་དོན། འཕྲལ་གྱི་ང་རྒྱལ་སྤངས་ཐུབ་ཚེ། རྒྱུན་གྱི་ཞོད་འཇགས་ཐོབ་པར་སྲིད། རྩོད་གཞི་ཐོན་སྐབས་ངེས་པར་དུ་གོ་ཤེས་ཉན་ཤེས་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་དྲག་ཤུགས་བེད་སྤྱད་ཚེ་མཐའ་མར་རང་མེད་མི་མེད་ཀྱི་མཇུག་འབྲས་ཕོག་རྒྱུ་གཏན་འཁེལ་རེད། གྱོད་གཞི་འདིའི་ནང་གྱོད་ཡ་རྒྱག་རེས་བརྒྱབ་པའི་རྐྱེན་གྱི་སྨན་བཅོས་བྱེད་དགོས་བྱུང་པ་མ་ཟད། ད་དུང་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་ནས་ཁྲིམས་ཆད་ཕོག་པ་དེ་ནི་དངོས་ནས་ཐོབ་ཤོར་ཁ་མི་འཐབ་པ་ཞིག་རེད།།།།