6月16日,拉孜法院民事繁案团队通过电话线上办案,成功审结一起租赁合同纠纷案件,当事人当即履行10.9万余元。
ཟླ་༦ཚེས་༡༦ཉིན། ལྷ་རྩེ་ཁྲིམས་ཁང་དམངས་དོན་རྙོག་དོན་གྱོད་སྒྲུབ་ཚོགས་པས་ཁ་པར་ཐོག་ནས་བོགས་གཏོང་གན་རྒྱའི་རྩོད་གཞི་ཞིག་ལེགས་སྒྲུབ་བྱས་པ་དང་། དོ་བདག་གིས་ལམ་སེང་སྒོར་ཁྲི་༡༠་༩ལྷག་ཙམ་ཞིག་འཇལ་སྤྲོད་བྱས་པ་རེད།།
该案,原被告之间因租赁合同产生纠纷,遂诉至法院。在受理该案后,法官通过电话与远在阿里打工的被告沟通了解情况,并积极与相关项目负责人员进行协调,在主审法官多次协调下双方达成调解协议,原告于当日拿到了10.9万余元租赁费。
གྱོད་གཞི་འདིའི་ནང་། དོ་བདག་ཕྱོགས་གཉིས་བོགས་གཏོང་གན་རྒྱར་རྩོད་པ་ཐོན་ནས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་དང་། གྱོད་གཞི་བདག་སྤྲོད་བྱས་རྗེས། ཁྲིམས་དཔོན་གྱིས་ས་མངའ་རིས་དུ་བསྡད་པའི་ཞུ་གཏུག་ཕོག་མིར་ཁ་པར་བརྒྱབ་ནས་གནས་ཚུལ་རྒྱུས་ལེན་བྱས་ཤིང་། ཧུར་བརྩོན་གྱིས་འབྲེལ་ཡོད་རྣམ་གྲངས་འགན་འཁུར་པ་དང་འབྲེལ་གཏུགས་བྱས་པ་རེད། མཐར་ཁྲིམས་དཔོན་གྱིས་འབྲེལ་གཏུགས་ཐེངས་མང་བྱས་པ་བརྒྱུད། དོ་བདག་ཕྱོགས་གཉིས་དབར་གྲོས་དན་བྱུང་བ་རེད། ཞུ་གཏུག་མཁན་ལ་ཉིན་དེ་རང་ལ་སྒོར་ཁྲི་༡༠་༩ལྷག་ཙམ་གྱི་བོགས་གཏོང་གྲོན་དངུལ་རག་པ་རེད།
近年来,拉孜法院始终坚持司法为民宗旨观念不动摇,持续巩固深化党史学习教育和政法队伍教育整顿成果,深入推进“我为群众办实事”常态化、制度化。其中,努力促成即时履行,提升群众幸福感、获得感便是重要的一项举措。在司法审判过程中,法官坚持在依法办案的前提下,千方百计促成即时履行,努力做到案结事了,将纠纷切实解决在基层、解决在一审。
ཉེ་བའི་ལོ་ཤས་རིང་། ལྷ་རྩེ་ཁྲིམས་ཁང་གིས་དམངས་ཆེད་ཁྲིམས་འཛིན་འདུ་ཤེས་བརྟན་པོར་འཛིན་ཏེ། ཟམ་མི་ཆད་པར་ཏང་གི་ལོ་རྒྱུས་སློབ་གསོ་སློབ་སྦྱོང་དང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་འབྲས་བུ་གཏིང་ཟབ་ཏུ་བཏང་ནས། ང་ཡིས་དམངས་ཆེད་དངོས་དོན་སྒྲུབ་ཞེས་པ་རྒྱུན་རྣམ་ཅན་དང་སྒྲིག་སྲོལ་ཅན་དུ་སྐུལ་འདེད་བཏང་ཡོད། དེ་ཡང་ཧུར་ཐག་ངང་སྐབས་འཕྲལ་འཇལ་སྤྲོད་མངོན་འགྱུར་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་དང་ཐོབ་བྱའི་ཚོར་སྣང་གོང་མཐོར་གཏོང་རྒྱུ་དེ་ནི་དེའི་ནང་གི་གལ་ཆེའི་ལས་ཐབས་ཤིག་ཡིན། ཁྲིམས་འཛིན་གྱོད་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད། ཁྲིམས་དཔོན་གྱིས་ཁྲིམས་བཞིན་གྱོད་སྒྲུབ་བྱེད་རྒྱུའི་རྨང་གཞིའི་ཐོག ཐབས་བརྒྱ་ཇུས་སྟོང་གིས་སྐབས་འཕྲལ་འཇལ་སྤྲོད་མངོན་འགྱུར་ཡོང་བ་བྱེད་ཅིང་། ཧུར་ཐག་ངང་གྱོད་གཞི་སྒྲུབ་པ་དང་། གནད་དོན་ཐག་ཆོད་པ་བྱས་ཏེ། རྩོད་གཞི་དག་གཞི་རིམ་དུ་ཐག་ཆོད་པ་དང་འདྲི་རིམ་དང་པོར་ཐག་ཆོད་པ་བྱེད་ཀྱིན་ཡོད།།