当前位置: 首页 > 新闻中心 > 法院新闻
护“薪”暖民心——拉孜法院集中发放54万余元执行款
  发布时间:2022-08-02 12:24:46 打印 字号: | |

གླ་ཕོགས་སྲུང་པས་དམངས་སེམས་དྲོད། ལྷ་རྩེ་ཁྲིམས་ཁང་གིས་སྒོར་ཁྲི་༥༤ལྷག་ཙམ་གྱི་ལག་བསྟར་གྱོད་དངུལ་མཉམ་བསྡུས་ངང་སྤྲད་པ།

为切实维护胜诉当事人合法权益,将“一纸裁判”兑现成“真金白银”,做到为群众办实事,就该让群众“看得见、摸得着”,7月28日下午,拉孜县人民法院··集中向申请执行人扎某等4人发放劳务费等54万余元执行款。县级人大代表应邀参加案款发放会,依法履行监督职责。

གཏུག་བཤེར་ཐོབ་པའི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད་དང་། ཤོག་བུའི་སྟེང་གི་ཁྲུན་ཁྲ་དེ་ཉིད་མིག་མཐོང་ལག་ཟིན་གྱི་དངུལ་ལ་འགྱུར་ནས། དམངས་ཆེད་དངོས་དོན་སྒྲུབ་ཕྱིན་མང་ཚོགས་ཀྱིས་མཐོང་རྒྱུ་རེག་རྒྱུ་ཡོད་པ་ཞིག་དགོས་ཞེས་པ་མངོན་འགྱུར་བྱ་ཆེད། ཟླ་༧ཚེས་༢༨ཉིན་གྱི་ཕྱི་དྲོར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་བཀྲ་ཆེ་གེ་མོ་སོགས་པའི་ལག་བསྟར་རེ་ཞུ་མཁན་༤ལ་ངལ་ལས་གླ་ཆ་སོགས་པའི་སྒོར་ཁྲི་༥༤ལྷག་ཙམ་གྱི་ལག་བསྟར་གྱོད་དངུལ་སྤྲད་པ་རེད། རྫོང་རིམ་པའི་མི་དམངས་འཐུས་མིས་གདན་ཞུ་ལྟར་གྱོད་དངུལ་མཇལ་སྤྲོད་ཚོགས་འདུར་བཞུགས་ནས་ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་སྒྲུབ་པ་རེད།། 

2019年,何某在实施拉孜县中心加油站建设项目期间,先后与扎某、蒋某、王某、江某签订劳务、买卖、租赁等合同。扎某等人依约履行合同全部义务后,何某以项目未结算、未审计等为由长期拖欠劳务费等各项费用54万余元。

༢༠༡༩ལོར་ཧེ་ཆེ་གེ་མོས་ལྷ་རྩེ་རྫོང་ལྟེ་བའི་སྣུམ་སྣོན་ས་ཚིགས་འཛུགས་སྐྲུན་ལས་གྲྭ་རྒྱག་བཞིན་པའི་སྐབས། སྔ་རྗེས་སུ་བཀྲ་ཆེ་གེ་མོ་དང་ལྗང་ཆེ་གེ་མོ། ཝང་ཆེ་གེ་མོ། ཅང་ཆེ་གེ་མོ་བཅས་དང་ངལ་ལས་དང་། ཉོ་ཚོང་། བོགས་གཏོང་སོགས་པའི་གན་རྒྱ་བཞག་པ་དང་། བཀྲ་ཆེ་གེ་མོ་སོགས་ཀྱིས་གན་རྒྱ་བཞིན་འགན་འཁྲི་འགྲུབ་རྗེས། ཧེ་ཆེ་གེ་མོས་རྣམ་གྲངས་མཇུག་བསྡོམས་བྱས་མེད་པ་དང་རྩིས་བཤེར་བྱེད་རྒྱུ་ཡིན་པ་སོགས་ལ་ཁ་གཡར་ཏེ་ངལ་ལས་གླ་ཆ་སོགས་པ་སྒོར་ཁྲི་༥༤ལྷག་ཙམ་ཞིག་རྒྱུན་རིང་མ་སྤྲད་པ་རེད།།

这批案件进入执行程序后,执行法官针对涉案项目层层转包分包、施工单位拒不配合结算、执行依据无法解决根源问题等特殊情形,制定查控财产、督促各方、协调源头的“三步走”执行方案,一是对被执行人车辆、房产等可供执行财产采取查封等强制措施;二是多次前往黑龙江等地督促项目相关方开展结算、审计等工作;三是与项目发包方召开专题会议,并从法律风险、维稳形势、企业担当等多方面发函协调,最终在发包方的积极协助下54万余元执行款全部执行到位。

གྱོད་གཞི་འདི་དག་ལག་བསྟར་བརྒྱུད་རིམ་ལ་སླེབས་རྗེས། ལག་བསྟར་ཁྲིམས་དཔོན་གྱིས་གྱོད་འབྲེལ་རྣམ་གྲངས་འདི་ཉིད་རིམ་མང་འགྱུར་བགོས་བྱས་པ་དང་། ཨར་སྐྲུན་ཚན་པས་མཇུག་བསྡོམས་བྱེད་རོགས་མི་བྱེད་པ། ལག་བསྟར་གཞི་འཛིན་སའི་ཁྲུན་གཅོད་ཡིག་ཆས་རྩ་བའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་སོགས་པའི་དམིགས་བསལ་གནས་ཚུལ་ལ་གཞིགས་ཏེ། རྒྱུ་ནོར་བཀག་འདོམས་དང་ཕྱོགས་ཀུན་ལ་སྐུལ་འདེད་བྱེད་པ། ཁུངས་རྩེར་མཐུན་སྦྱོར་བྱེད་པ་བཅས་ལས་གྲུབ་པའི་གོམ་སྟབས་གསུམ་གྱི་ལག་བསྟར་ཇུས་གཞི་བཟོས་པ་རེད། གཅིག་ནས་ལག་བསྟར་བྱ་ཡུལ་གྱི་འཁོར་རིགས་དང་ཁང་པ་སོགས་པའི་ལག་བསྟར་བྱེད་ཐུབ་པའི་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་སོགས་ཀྱི་བཙན་ཤེད་བྱ་ཐབས་སྤྱད་པ་དང་། གཉིས་ནས་ཧེ་ལུང་ཅང་སོགས་པའི་ས་ཆར་ཐེངས་མང་བསྐྱོད་དེ་རྣམ་གྲངས་དང་འབྲེལ་ཡོད་ཀྱི་ཚན་པ་ཁག་ལ་མཇུག་བསྡོམས་དང་རྩིས་བཤེར་སོགས་པའི་ལས་ཀ་སྤེལ་དགོས་པའི་སྐུལ་འདེད་བྱས་པ། གསུམ་ནས་རྣམ་གྲངས་སྤྲོད་མཁན་ཚན་པ་དང་ཆེད་དོན་ཚོགས་འདུ་ཚོགས་ཤིང་། ཁྲིམས་ལུགས་ཐད་ཀྱི་ཉེན་ཁ་དང་། བརྟན་ལྷིང་སྲུང་སྐྱོང་གནས་བབ། ཁེ་ལས་ཀྱི་འགན་འཁྲི་སོགས་པའི་བསྐོར་ནས་འཕྲིན་ཡིག་ཐེངས་མང་སྤྲིངས་པ་བཅས་བྱས་པ་བརྒྱུད། མཐའ་མར་རྣམ་གྲངས་སྤྲོད་མཁན་ཚན་པའི་ཧུར་ཐག་གི་རམ་འདེགས་འོག་སྒོར་ཁྲི་༥༤ལྷག་ཙམ་གྱི་གྱོད་དངུལ་ཚང་མ་ལག་བསྟར་བྱེད་ཐུབ་པ་རེད།།

时隔3年之久,4名申请执行人最终拿到辛苦钱,喜悦之情溢于言表,他们向执行法官敬献哈达并致以锦旗表达了谢意。 

ལོ་༣ལྷག་ཙམ་གྱི་རྗེས་སུ་ལག་བསྟར་རེ་ཞུ་མཁན་༤ལ་གཞི་ནས་རང་ཉིད་ཀྱི་དངུལ་ལེན་ཐུབ་པས་ཁོང་ཚོའི་དགའ་སྤྲོའི་སེམས་པ་མཛུམ་ལ་རང་དབང་མེད་པར་འཕྱུར་ཞིང་། ཁོང་ཚོས་ལག་བསྟར་ཁྲིམས་དཔོན་ལ་ཁ་བཏགས་སྒྲོན་ཞིང་བསྟོད་དར་འཕུལ་ཏེ་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད།།

民生事无小事,民生案无小案。拉孜法院执行团队始终坚持以人民为中心,坚持一切为了人民、一切依靠人民,正确行使手中的司法权,积极创新方式方法,千方百计保障民生,持续加大执行力度,维护人民群众合法权益,树立司法权威。下一步,拉孜法院将进一步改进作风狠抓落实,坚守司法为民初心,加大强制执行力度,以更加坚定的信念、更加务实的举措、更加优质的服务满足人民群众日益增长的司法需求,以实际行动和优异成绩迎接党的二十大胜利召开!

དམངས་འཚོའི་དོན་ལ་དོན་ཆུང་མེད། དམངས་འཚོའི་གྱོད་གཞིར་གྱོད་ཆུང་མེད། ལྷ་རྩེ་ཁྲིམས་ཁང་ལག་བསྟར་ཚོགས་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་ཞིང་། ཡོད་ཚད་དམངས་ཀྱི་ཆེད་དང་ཡོད་ཚད་དམངས་ལ་བརྟེན་རྒྱུ་མཐའ་འཁྱོལ་བྱས་ཏེ། ལག་ཐོག་དུ་བཟུང་པའི་ཁྲིམས་འཛིན་དབང་ཆ་ཡང་དག་ངང་སྤྱོད་ཅིང་། ཧུར་བརྩོན་ཆེར་བསྐྱེད་ཀྱིས་ལས་ཐབས་གསར་གཏོད་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་འགན་སྲུང་བྱས་ཤིང་། ཟམ་མི་ཆད་པར་ལག་བསྟར་བྱེད་ཤུགས་ཆེར་གཏོང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་ཁྲིམས་འཛིན་རྔམ་བརྗིད་བརྟན་པོར་བཙུགས་ཡོད། མ་འོངས་པར། ལྷ་རྩེ་ཁྲིམས་ཁང་གིས་སྔར་བའི་ལྷག་པའི་སྒོ་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་ཟབ་བྱས་ཏེ། དམངས་ཆེད་ཁྲིམས་འཛིན་གྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་བཙན་ཤེད་ལག་བསྟར་བྱེད་ཤུགས་ཆེར་གཏོང་བྱས་ནས། དེ་བས་བརྟན་པའི་ཡིད་ཆེས་དང་། དེ་བས་དངོས་འཚོལ་གྱི་བྱ་ཐབས། དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་བཅས་ལ་བརྟེན་ནས་མི་དམངས་མང་ཚོགས་ཚོའི་ཉིན་བཞིན་མཐོ་རུ་འགྲོ་བའི་ཁྲིམས་འཛིན་དགོས་མཁོ་བསྐོངས་ཐབས་བྱས་ཏེ། དངོས་ཡོད་བྱ་སྤྱོད་དང་སྤུས་ལེགས་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྐོངས་འཚོག་བྱེད་རྒྱུར་བསུ་བ་ཞུ་རྒྱུ་ཡིན།།།།

 

 


 

责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网