8月4日,拉孜县人民法院对一起危害珍贵、濒危野生动物罪案件开庭宣判,这是今年拉孜法院判决的第二例相同罪名案件。3名被告人均获刑,刑期从有期徒刑三年七个月到一年不等。
ཟླ༨ཚེས་༤ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རྩ་ཆེའི་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་ཞིག་ལ་ཁྲིམས་ར་འཚོགས་ཏེ་དཔྱད་མཚམས་བཏང་། དེ་ནི་ལྷ་རྩེ་ཁྲིམས་ཁང་གིས་ད་ལོ་དཔྱད་མཚམས་བཏང་བའི་ཉེས་མིང་གཅིག་པའི་གྱོད་གཞི་གཉིས་པ་དེ་ཡིན། གྱོད་ཡ་གསུམ་པོ་ཚང་མར་ཁྲིམས་ཆད་ཕོག་ཅིང་། ཉེས་ཆད་འཁུར་ཡུན་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བདུན་ནས་ལོ་གཅིག་བར་བཅད་པ་རེད།།
【基本案情】
经审理查明,2021年被告人江某2次利用农用尿素先后毒杀9只岩羊,被告人平某、次某分别参与犯罪。捕杀的岩羊整体价值达到225,000元,属于情节严重。公安机关从被告人江某、次某住处搜出岩羊角、岩羊皮等证物,3名被告人对自己的犯罪事实供认不讳,并自愿签署了认罪认罚具结书。
འདྲི་ཞིབ་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། ༢༠༢༡ལོར་གྱོད་ཡ་འཇམ་ཆེ་གེ་མོས་ཐེངས་གཉིས་ནང་ཞིང་སྤྱོད་གཅིན་ལུད་སྤྱད་དེ་གནའ་བ་དགུ་དུག་གསོད་བྱས་ཤིང་། གྱོད་ཡ་ཕུན་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་ཉེས་གསོག་ནང་བཞུགས་པ་རེད། འཛིན་གསོད་བྱས་པའི་གནའ་བའི་རིན་གོང་བསྡོམས་འབོར་སྒོར༢༢༥༠༠༠སླེབ་ཡོད། བབ་བསྟུན་ཚབས་ཆེའི་ཁོངས་སུ་གཏོགས། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་ཡ་འཇམ་ཆེ་གེ་མོ་དང་ཚེ་ཆེ་མོའི་བསྡོད་གནས་ནས་གནའ་བའི་རྭ་ཅོ་དང་པགས་པ་སོགས་པའི་དཔང་རྟགས་བརྙེད་པ་དང་། གྱོད་ཡ་གསུམ་པོས་རང་ཉིད་ཀྱི་ཉེས་གསོག་དོན་དངོས་ལ་ཁས་ལེན་བྱས་ཤིང་། རང་མོས་ཐོག་རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་གྱི་འགན་ལེན་ཡི་གེར་མཆན་འགོད་བྱས་པ་རེད།།
【判决结果】
法庭根据3名被告人的犯罪事实、性质、情节等区分主从犯,并综合考量各类从重、从宽、从轻、减轻处罚的情节,判处主犯江某有期徒刑三年七个月,并处罚金人民币五千元;判处从犯平某有期徒刑一年十个月缓刑三年,并处罚金人民币四千元;判处从犯次某有期徒刑一年缓刑两年,并处罚金人民币三千元。2名从犯当庭表示服从判决,不上诉。
ཁྲིམས་རས་གྱོད་ཡ་གསུམ་གྱི་ཉེས་གསོག་དོན་དངོས་དང་ངོ་བོ། བབ་བསྟུན་བཅས་ལ་གཞིགས་ཏེ་ཉེས་ཅན་གཏེ་པོ་དང་རྗེས་འབྲང་ཉེས་ཅན་དབྱེ་བ་འབྱེད་ཅིང་། ཁྲིམས་ཆད་ལྕི་གཅོད་དང་ཡང་གཅོད། འཕྲི་གཅོད། གུ་ཡང་སོགས་པའི་བབ་བསྟུན་ཡོངས་ལ་ཕྱོགས་བསྡུས་ཐོག་བསམ་གཞིགས་བྱས་པ་བརྒྱུད། མཐར་ཉེས་ཅན་གཏེ་པོ་འཇམ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་བདུན་གཅོད་རྒྱུ་དང་སྦྲགས། དངུལ་ཆད་མི་དམངས་ཤོག་སྒོར་སྒོར་ལྔ་སྟོང་བཅད་པ་དང་། རྗེས་འབྲང་ཉེས་ཅན་པ་ཕུན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བཅུ་གཅོད་རྒྱུ་དང་སྦྲགས་ཉེས་ཆད་འགྱངས་གཅོད་ལོ་གསུམ་གཅོད་རྒྱུ། དངུལ་ཆད་མི་དམངས་ཤོག་སྒོར་སྒོར་བཞི་སྟོང་བཅས་བཅད་པ། རྗེས་འབྲང་ཉེས་ཅན་པ་ཚེ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཉེས་ཆད་འགྱངས་གཅོད་ལོ་གཉིས་གཅོད་རྒྱུ་དང་སྦྲགས་དངུལ་ཆད་མི་དམངས་ཤོག་སྒོར་སྒོར་སུམ་སྟོང་བཅས་བཅད་པ་རེད།།
【法官说法】
岩羊,系国家二级重点保护野生动物。根据《野生动物及其制品价值评估方法》和《陆生野生动物基准价值标准目录》,单只岩羊价值为25,000元,此案3名被告人一共猎杀9只岩羊,犯罪金额达到225,000元。根据《最高人民法院 最高人民检察院关于办理破坏野生动物资源刑事案件适用法律若干问题的司法解释》犯罪金额达到20万元不到200万元的属于情节严重。此案,2次犯罪中被告人江某均起到主要作用,属主犯;被告人平某、次某分别在2次犯罪中起到次要或者辅助作用,系从犯。
གནའ་བ་ནི་རྒྱལ་ཁབ་ཀྱི་རིམ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཡིན། 《རི་སྐྱེས་སྲོགས་ཆགས་དང་དེའི་རྒྱུ་ལས་བཟོས་པའི་ཅ་ལག་གི་རིན་གོང་དཔྱད་དཔོག་ཐབས་ཤེས》དང་《ས་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་རྨང་གཞིའི་གོང་ཚད་ཀྱི་ཚད་ལྡན་དཀར་ཆག》ལ་གཞིར་བཟུང་གནའ་བ་གཅིག་གི་རིན་གོང་སྒོར༢༥༠༠༠ཟིན་གྱི་ཡོད། གྱོད་གཞི་འདིའི་ནང་གྱོད་ཡ་གསུམ་གྱིས་གནའ་བ་དགུ་བསད་པས་ཉེས་གསོག་དངུལ་གྲངས་སྒོར༢༢༥༠༠༠ཟིན་ཡོད། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རི་དྭགས་ཐོན་ཁུངས་གཏོར་བརླག་གི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་སྤྱད་འཐུས་ཐད་ཀྱི་གནད་དོན་འགའ་ཤས་ཀྱི་འགྲེལ་བཤད》ལ་གཞིར་བཟུང་། ཉེས་གསོག་དངུལ་གྲངས་སྒོར་ཁྲི༢༠སླེབས་ཤིང་སྒོར་ཁྲི་༢༠༠མི་ཟིན་ཚེ་བབ་བསྟུན་ཚབས་ཆེའི་ཁོངས་སུ་གཏོགས། གྱོད་གཞི་འདིའི་ནང་དུ་ཉེས་གསོག་ཐེངས་མ་གཉིས་ཀྱི་ནང་དུ་གྱོད་ཡ་འཇམ་ཆེ་གེ་མོས་གཙོ་བོའི་ནུས་པ་ཐོན་པས་ཉེས་ཅན་གཏེ་པོར་གཏོགས་པ་དང་། གྱོད་ཡ་ཕུན་ཆེ་གེ་མོ་དང་ཚེ་ཆེ་གེ་མོས་ཉེས་གསོག་ཐེངས་༢ནང་ནུས་པ་ཕལ་པའམ་རམ་འདེགས་ཀྱི་ནུས་པ་ལས་ཐོན་མེད་པས་རྗེས་འབྲང་ཉེས་ཅན་དུ་གཏོགས།།
【法官提醒】
保护野生动物是谋长足之举,是保护生态环境发展的必然之路,是推进“四个创建”,确保实现“四个走在前列”的重要措施,全社会应当进一步牢固树立“绿水青山就是金山银山”发展思想,杜绝违法猎杀保护动物,实现人和自然和谐共生、和平共处。
རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་ནི་ཕུགས་རིང་ལ་ཕན་པའི་བྱ་སྤྱོད་ཅིག་ཡིན་ལ། སྐྱེ་ཁམས་འཁོར་ཡུག་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པར་ངེས་པར་དུ་སྐྱོད་དགོས་པའི་ལམ་བུ་ལྟ་བུ་ཞིག་ཀྱང་ཡིན། དེ་ནི་འཛུགས་གཏོད་བཞི་ལ་སྐུལ་འདེད་བཏང་ནས་མདུན་གྲལ་དུ་སླེབས་པ་བཞི་མངོན་འགྱུར་ཐུབ་ཆེད་ཀྱི་གལ་ཆེའི་བྱ་ཐབས་ཤིག་ཡིན། སྤྱི་ཚོགས་ཡོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྔོ་ལྗང་རི་ཀླུང་གསེར་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་དགོས་ཏེ། སྲུང་སྐྱོབ་སྲོག་ཆགས་ལ་ཁྲིམས་འགལ་གྱིས་རྔོན་རྒྱག་བྱེད་རྒྱུ་གཏན་འགོག་བྱས་ནས། མི་དང་རང་བྱུང་ཁམས་གཉིས་ཞི་བདེའི་ངང་ནས་མཉམ་གནས་དང་ཞི་མཐུན་ངང་གནས་མཉམ་རོལ་བྱེད་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས།།།།