俗话说“得好乡邻胜过亲”,而今天故事中的主人公却因琐事与邻居大打出手终至被判刑罚,实属不可取。
ང་ཚོས་ངག་རྒྱུན་དུ་གྲོང་པ་ཡག་པོ་གཉེན་ཉེ་ལས་ཀྱང་ལྷག་ཟེར་ཡང་། དེ་རིང་གི་གྱོད་གཞིའི་ནང་། གྱོད་ཡས་དོན་དག་ཙག་ཙིག་གི་རྐྱེན་གྱིས་ཁྱིམ་མཚེས་དང་རྒྱག་རེས་བརྒྱབ་པའི་མཐར་ཉེས་ཁྲིམས་ཀྱི་ཆད་པ་ཕོག་པ་རེད།།
被告人达某今年已经54岁,他与被害人系邻居,双方因道路通行、农田灌溉等事情多次产生矛盾。2022年某日,双方又因琐事发生争执,争执中双方厮打在一起,最终导致被害人受伤。经司法鉴定,被害人伤势达到了轻伤二级。
གྱོད་ཡ་ཟླ་ཆེ་གེ་མོ་ད་ལོ་ལོ་༥༤ལོན་གྱི་ཡོད། ཁོ་རང་དང་གནོད་འཚེ་ཕོག་མི་དབར་ཁྱིམ་འཚེས་ཡིན་པ་དང་། ཕྱོགས་གཉིས་པོ་འགྲོ་ལམ་བེད་སྤྱོད་དང་ཞིང་ཁར་ཆུ་གཏོང་བ་སོགས་ཀྱི་དོན་དག་ཐད་རྩོད་པ་ཐེངས་མང་ཤོར་མྱོང་། ༢༠༢༢ལོའི་ཉིན་ཞིག་ལ་ཁོ་གཉིས་ཡང་བསྐྱར་དོན་དག་ཙག་ཙིག་ཐད་འཁྲུག་རྩོད་ཤོར་ཞིང་རྒྱག་རེས་ཤོར་བ་རེད། རྒྱག་རེས་བརྒྱབ་པའི་མཐར་གནོད་འཚེ་ཕོག་མིར་རྨས་སྐྱོན་ཕོག་ཅིང་ཁྲིམས་འཛིན་ཆོད་བསྡོམས་བྱས་པ་བརྒྱུད་རྨས་སྐྱོང་ཆུང་གྲས་རིམ་པ་གཉིས་པར་སླེབས་ཡོད།།
2023年4月19日,拉孜县人民法院刑事审判庭依法公开开庭宣判,判决被告人达某犯故意伤害罪,判处其有期徒刑9个月、缓刑1年。被告人达某当庭表示服判,不上诉。同时,被害人提起刑事附带民事诉讼,经法院主持调解,双方达成调解协议,被告人达某共需赔偿被害人医疗费、交通费、营养费、误工费、护理费等3.6万元。
༢༠༢༣ལོའི་ཟླ་༤ཚེས་༡༩ཉིན་ལ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཐིང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ཏེ་གྱོད་ཡ་ཟླ་ཆ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ཟླ་བ་དགུ་དང་ཉེས་ཆད་འགྱངས་གཅོད་ལོ་གཅིག་གཅོད་རྒྱུའི་དཔྱད་མཚམས་བཏང་། གྱོད་ཡ་ཟླ་ཆེ་གེ་མོས་ཁྲིམས་རའི་ཐོག་དཔྱད་མཚམས་ལ་ཡི་རངས་ཤིང་གོང་གཏུག་བྱེད་ཀྱི་མིན་ཞེས་བཤད་ཡོད། དེ་དང་དུས་མཚུངས་གནོད་འཚེ་ཕོག་མིས་ཉེས་དོན་ཞོར་འབྲེལ་དམངས་དོན་གཏུག་བཤེར་གྱི་ཞུ་གཏུག་བརྒྱབ་པ་དང་། ཁྲིམས་ཁང་གིས་འདུམ་འགྲིག་གཙོ་སྐྱོང་བྱས་པ་བརྒྱུད་ཕྱོགས་གཉིས་དབར་གྲོས་དན་བཞག་པར། གྱོད་ཡ་ཟླ་ཆེ་གེ་མོས་གནོད་འཚེ་ཕོག་མིར་སྨན་བཅོས་དང་འགྲིམ་འགྲུལ། འཚོ་བཅུད། ལས་ཡོན། ནད་གཡོག་སོགས་པའི་འགྲོ་གྲོན་གྱི་གུན་གསབ་ཁྱོན་བསྡོམས་སྒོར་ཁྲི་༣་༦སྤྲོད་དགོས།།
常言道“远水不救近火,远亲不如近邻”,邻里本应和睦团结,但此案被告人与被害人相互视如寇仇,发生纠纷不仅没有和气协商、反而试图以暴力解决问题,最终不仅没有解决问题,而且导致一方受伤、另一方不仅被判刑还要支付赔款,可谓是两败俱伤。
ང་ཚོས་ངག་རྒྱུན་དུ་གསུང་དོན། རྒྱང་གི་སྤུན་མཆེད་ལས་ཉེ་བའི་ཁྱིམ་མཚེས་ཡག །མ་གཞི་ཁྱིམ་འཚེས་དབར་ཞི་མཐུན་དང་འཆམ་པོ་བྱེད་དགོས་པ་ནི་ཀུན་གྱིས་གོ་སླ་བའི་གནས་ལུགས་ཤིག་ཡིན་མོད། འོན་ཀྱང་གྱོད་གཞི་འདིའི་ནང་གི་གྱོད་ཡ་དང་གནོད་འཚེ་ཕོག་མི་དབར་དགྲ་མཐོང་མཐོང་བྱེད་ཅིང་། རྩོད་པ་ཐོན་རྗེས་ཞི་མཐུན་ཐོག་གྲོས་ཞིབ་མ་བྱས་ཤིང་དེ་ལས་ལྡོག་སྟེ་དྲག་ཤུགས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐབས་བྱས། མཐར་གནད་དོན་ཐག་གཅོད་བྱེད་རྒྱུ་ཕར་བཞག །ཕྱོགས་གཅིག་ལ་རྨས་སྐྱོན་ཕོག་པ་དང་ཕྱོགས་གཞན་དེར་ཉེས་ཆད་ཕོག་པ་མ་ཟད་གུན་གསབ་སྤྲོད་དགོས་བྱུང་པ་ནི་དངོས་ནས་རང་ཕམ་མི་ཕམ་ཞེས་པ་དེ་རེད།།
法官说法:《中华人民共和国刑法》第二百三十四条规定:故意伤害他人身体的,处三年以下有期徒刑、拘役或者管制。犯前款罪,致人重伤的,处三年以上十年以下有期徒刑;致人死亡或者以特别残忍手段致人重伤造成严重残疾的,处十年以上有期徒刑、无期徒刑或者死刑。本法另有规定的,依照规定。
ཁྲིམས་དཔོན་གྱིས་ཁྲིམས་གླེང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སུམ་ཅུ་སོ་བཞིར་གཏན་འབེབས་བྱས་དོན། རྐང་བཙུགས་ནས་མི་གཞན་གྱི་ལུས་པོར་རྨས་སྐྱོན་བཏང་བར་ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གཅོད་དགོས། གོང་གི་ཉེས་པ་བསགས་ཤིང་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཚེ། ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གཅོད་དགོས། མི་གཞན་ཤི་བའི་མཇུག་འབྲས་བཟོས་པའམ་ཧ་ཅང་གདུག་རྩུབ་ཆེ་བའི་བྱ་ཐབས་ཀྱིས་རྨས་སྐྱོན་ཚབས་ཆེན་བཟོས་པ། ཡང་ན་དབང་སྐྱོན་ཚབས་ཆེན་བཟོས་ཚེ་ལོ་བཅུ་ཡན་གྱི་དུས་བཀག་བཙོན་འཇུག་གམ་ཚེ་བཙོན། ཡང་ན་སྲོག་ཁྲིམས་གཅོད་དགོས། བཅའ་ཁྲིམས་འདིའི་ནང་དུ་གཏན་འབེབས་གཞན་ཡོད་ཚེ་གཏན་འབེབས་དེར་རྩིས་དགོས།།