当前位置: 首页 > 新闻中心 > 图片新闻
用车载流动法庭丈量为民里程—上门成功调解一起买卖纠纷
  发布时间:2023-04-22 15:57:08 打印 字号: | |

为进一步改进作风、狠抓落实,确保司法为民政策落实到基层、落实到每一名当事群众,4月20日,拉孜县法院民事简案快审团队依托车载科技流动法庭赶赴350余公里外的萨迦县某村,为当事群众提供便利的上门诉讼服务。

སྤྱོད་ཚུལ་ལེགས་གཏོང་དང་ལག་ལེན་དམ་འཇིན་བྱས་ཏེ་དམངས་ཆེད་ཁྲིམས་འཛིན་གྱི་སྲིད་ཇུས་དག་གཞི་རིམ་དང་དོ་བདག་མང་ཚོགས་རེ་རེར་དོན་འཁྱོལ་བྱ་ཆེད། ཟླ་༤ཚེས་༢༠ཉིན་ལ། ལྷ་རྩེ་རྫོང་ཁྲིམས་ཁང་དམངས་དོན་སླ་གྱོད་མྱུར་སྒྲུབ་ཚོགས་པས་འཁོར་ཐོག་ཚན་རྩལ་སྐོར་བསྐྱོད་ཁྲིམས་རར་བརྟེན་ནས། སྤྱི་ལེ་༣༥༠ལྷག་བརྒལ་ཏེ་ས་སྐྱ་རྫོང་གི་གྲོང་ཚོ་ག་གེ་མོར་བསྐྱོད་ནས། དོ་བདག་མང་ཚོགས་ལ་སྟབས་བདེའི་གཏུག་བཤེར་ཞབས་ཞུ་མཁོ་འདོན་བྱས་ཡོད།། 

此案,双方当事人因买卖牲畜拖欠货款产生纠纷,案件诉至法院后,法官基于当事人家庭经济情况较差,无力承担到拉孜县参加诉讼导致的路费等基本情况,决定依托车载流动法庭上门办案。经法院主持调解,被告当场支付了货款2000元,并通过以物抵债,即时履行了所有标的。

གྱོད་གཞི་འདིའི་ནང་དོ་བདག་ཕྱོགས་གཉིས་དབར་ཕྱུགས་ཟོག་ཉོ་ཚོང་བྱས་རྗེས་ཟོག་རིན་ཆད་འགྱངས་ཀྱི་རྐྱེན་པས་རྩོད་པ་ཤོར་བ་དང་། ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་རྗེས། ཁྲིམས་དཔོན་གྱིས་དོ་བདག་གི་ཁྱིམ་ཚང་དཔལ་འབྱོར་ཅུང་ཞན་པ་དང་། ལྷ་རྩེར་ཡོང་ནས་གཏུག་བཤེར་ནང་ཞུགས་ཚེ་ལམ་རིན་སྤྲོད་པའི་ནུས་པ་མེད་པའི་གནས་ཚུལ་ལ་གཞིགས་ཏེ།  འཁོར་ཐོག་སྐོར་བསྐྱོད་ཁྲིམས་རར་བརྟེན་ནས་མང་ཚོགས་ཀྱི་སྒོ་ཁར་ཕྱིན་ནས་གྱོད་སྒྲུབ་བྱེད་རྒྱུ་ཐག་བཅད། མཐར་ཁྲིམས་ཁང་གིས་འདུམ་འགྲིག་གཙོ་སྐྱོང་བྱས་པ་བརྒྱུད། ཞུ་གཏུག་ཕོག་མིས་རང་སར་ཟོག་རིན་སྒོར་༢༠༠༠སྤྲད་པ་དང་། ལྷག་མའི་ཆད་དངུལ་དག་དངོས་པོས་ཚབ་མཇལ་བྱེད་པའི་ངོ་བོ་ནས་གཙང་མཇལ་བྱས་པ་རེད།།

作为一项司法为民政策,车载流动法庭集上门立案、开庭等功能于一体,是打通司法服务群众“最后一公里”的重要措施。下一步,拉孜法院将继续坚持车载流动法庭常态化运行,着眼提升群众获得感、幸福感,持续加大上门立案、上门调解、上门审判、上门送达等工作力度,同时坚持“有案办案、无案宣传”原则,在为群众提供便利的上门诉讼服务的同时,将暖心的法律服务、专业的法律知识、全面的法治教育送到基层一线,为推进乡村振兴发展作出积极贡献。

འཁོར་ཐོག་སྐོར་བསྐྱོད་ཁྲིམས་ར་ནི་དམངས་ཆེད་ཁྲིམས་འཛིན་གྱི་སྲིད་ཇུས་ཤིག་ཡིན་ཏེ། དེར་གྱོད་ཐོ་འགོད་པ་དང་ཁྲིམས་ར་འཚོག་པ་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད་པ་དང་། དེ་ནི་ཁྲིམས་འཛིན་གྱིས་མང་ཚོགས་ལ་ཞབས་ཞུ་བྱེད་པའི་བར་ཐག་མཐའ་མ་དེ་ཤར་གཏོང་བྱ་ཆེད་ཀྱི་གལ་ཆེའི་ལས་ཐབས་ཤིག་ཡིན། རྗེས་སུ། ལྷ་རྩེ་ཁྲིམས་ཁང་གིས་མུ་མཐུད་འཁོར་ཐོག་སྐོར་བསྐྱོད་ཁྲིམས་ར་བེད་སྤྱོད་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་གོང་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཟམ་མི་ཆད་པར་མང་ཚོགས་ཀྱི་སྒོ་ཁར་བསྐྱོད་དེ་གྱོད་གཞི་ཐོ་འགོད་དང་འདུམ་འགྲིག །འདྲི་གཅོད། སྐྱེལ་སྤྲོད་སོགས་པའི་ལས་དོན་སྤེལ་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ལ། དེ་དང་དུས་མཚུངས་གྱོད་གཞི་ཡོད་ཚེ་གྱོད་གཞི་སྒྲུབ་པ་དང་གྱོད་གཞི་མེད་ཚེ་དྲིལ་བསྒྲགས་བྱ་རྒྱུའི་བླང་བྱ་འཛིན་ནས། མང་ཚོགས་ལ་སྟབས་བདེའི་གཏུག་བཤེར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཆབ་ཅིག །དྲོ་སྣང་གི་ཁྲིམས་ལུགས་ཞབས་ཞུ་དང་། ཁུངས་བཙན་གྱི་ཁྲིམས་ལུགས་ཤེས་བྱ། ཡོངས་ཁྱབ་ཀྱི་ཁྲིམས་སྐྱོང་སློབ་གསོ་བཅས་གཞི་རིམ་གྱི་མདུན་ཤོས་སུ་བསྐྱལ་ཏེ། གྲོང་གསེབ་དར་རྒྱས་དང་གོང་འཕེལ་ཡོང་ཆེད་བྱས་རྗེས་གང་མང་འཇོག་རྒྱུ་ཡིན།།།།


 

责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网