4月14日,边某等7名农民工满脸惆怅地走进法院,共同起诉雇方次某,要求支付拖欠的民工工资15万元。
ཟླ་༤ཚེས་༡༤ཉིན། སྤེན་ཆེ་མོ་བཅས་པའི་ཞིང་པ་ལས་མི་བདུན་གྱི་གདོང་ལ་སྐྱོ་མདངས་འཕྱུར་ཞིང་ཁྲིམས་ཁང་དུ་ཡོང་ནས་ལས་མི་གླ་མཁན་ཚེ་ཆེ་གེ་མོ་ཞུ་གཏུག་བརྒྱབ་སྟེ་ཁོ་ཚོའི་གླ་ཆ་སྒོར་ཁྲི་༡༥ཆད་འགྱངས་བྱས་པ་དེ་སྤྲོད་དགོས་པའི་རེ་བ་བཏོན།།
经了解,2021年,7名原告受雇前往新疆务工,两年多过去了,15万元劳务报酬却迟迟没有兑现。期间7位民工多次找到次某讨薪,均未果。
གསལ་རྟོགས་བྱུང་བར། ༢༠༢༡ལོར་ཞུ་གཏུག་མཁན་བདུན་པོས་གླ་མཁན་གྱི་རེ་བ་ལྟར་ཞིན་ཅང་དུ་ལས་ཀ་བྱེད་པར་ཕྱིན། ལོ་གཉིས་ཙམ་ཕྱིན་ཚར་བའི་རྗེས་ངལ་རྩོལ་གླ་ཆ་སྒོར་ཁྲི་༡༥དེ་ད་བར་སྤྲད་མེད། ལས་མི་བདུན་པོས་ཚེ་ཆེ་གེ་མོ་ཐེངས་མང་བཙལ་ནས་གླ་ཆ་འདེད་ཀྱང་རག་མེད་པ་རེད།།
立案后,拉孜法院第一时间启动民生案件“绿色通道”,将此案分给民事简案快审团队。法官对此案进行深度分析,立即组织原被告双方进行调解,重点对被告进行法律释明,严正告知其拖欠民工工资可能面临的严重后果。
གྱོད་གཞི་ཐོར་བཀོད་རྗེས། ལྷ་རྩེ་ཁྲིམས་ཁང་གིས་དུས་ཚོད་དང་པོར་དམངས་འཚོའི་གྱོད་གཞིའི་ཤར་བགྲོད་ལམ་ལུགས་འགོ་བཙུགས་ཏེ་གྱོད་གཞི་འདི་དམངས་དོན་སླ་གྱོད་མྱུར་སྒྲུབ་ཚོགས་པར་བགོད་པ་རེད། ཁྲིམས་དཔོན་གྱིས་གྱོད་གཞི་འདིར་དབྱེ་ཞིབ་གཏིང་ཟབ་བྱས་རྗེས་ལམ་སེང་གཏུག་འཁེལ་ཕྱོགས་གཉིས་པོ་སྒྲིག་འཛུགས་བྱས་ནས་འདུམ་འགྲིག་གཙོ་སྐྱོང་བྱས་པ་དང་། གཙོ་བོ་ཞུ་གཏུག་འཁེལ་མིར་ཁྲིམས་ལུགས་འགྲེལ་བཤད་བྱེད་ཅིང་ཁོ་པར་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་ཚེ་མཇུག་འབྲས་ཇི་འདྲ་འབྱུང་སྲིད་པའི་ནན་བཤད་བྱས།།
经过法官耐心调解,立案后的第十天,也就是4月24日,次某向7位民工即时兑现了6万元工资,双方约定2023年12月31日前一次性完成剩余标的履行。
ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་བརྒྱུད། གྱོད་ཐོ་བཀོད་པའི་རྗེས་ཀྱི་ཉིན་བཅུ་པ་སྟེ། ཟླ་༤ཚེས་༢༤ཉིན་དེར་ཚེ་ཆེ་གེ་མོས་ལས་མི་བདུན་པོར་གླ་ཆ་སྒོར་ཁྲི་༦སྤྲད་པ་དང་། ཕྱོགས་གཉིས་པོས་༢༠༢༣ལོའི་ཟླ་༡༢ཚེས་༣༡ཉིན་གྱི་གོང་ལ་ཐེངས་གཅིག་ནང་ལྷག་འཕྲོས་ཀྱི་དངུལ་དག་སྤྲོད་རྒྱུའི་གྲོས་དན་བཞག་པ་རེད།།
烦“薪”事,司法“解”。为加强民生司法保障,依法维护农民工合法权益,拉孜法院开设涉民生案件“绿色通道”,对劳务纠纷、赡养抚养抚育费、抚恤金、医疗损害赔偿、交通事故人身损害赔偿等类型案件实行“快立、快审、快结、快执”机制,加速兑现民生权益,以实实在在的成效切实提升人民群众的获得感和满意度。
གླ་ཆ་ཆད་འགྱངས་སེམས་ལ་གཟོན་པ་དེ། ཁྲིམས་འཛིན་ཉིད་ཀྱིས་ཐབས་བརྒྱས་འགྲོལ་བར་བྱེད། དམངས་འཚོར་ཁྲིམས་འཛིན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་རྒྱབ་སྟེ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ལྷ་རྩེ་ཁྲིམས་ཁང་གིས་དམངས་འཚོའི་གྱོད་གཞིའི་ཤར་བགྲོད་ལམ་ལུགས་བཙུགས་ནས། ངལ་རྩོལ་རྩོད་གཞི་དང་ཞབས་ཏོག་གསོ་སྐྱོང་གྲོན་དངུལ། འཆི་གོད་གུན་གསབ། སྨན་བཅོས་གུན་གསབ། འགྲིམ་འགྲུལ་ལས་འཛོལ་མི་ལུས་གུན་གསབ་སོགས་པའི་རིགས་ཀྱི་གྱོད་གཞིར་གྱོད་ཐོ་སྔོན་དུ་འགོད་པ་དང་། འདྲི་ཞིབ་མྱུར་དུ་བྱེད་པ། གྱོད་སྒྲུབ་དང་ལག་བསྟར་མགྱོགས་དུ་བྱེད་པ་བཅས་ཀྱི་ལམ་ལུགས་སྤྱད་ནས། མགྱོགས་མྱུར་ངང་ནས་དམངས་འཚོའི་ཁེ་ཕན་དོན་འཁྱོལ་བྱས་ཏེ། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཆའི་སྣང་བ་དང་བློ་ཡིད་ཚིམ་ཚད་གོང་མཐོར་བཏང་ཡོད།།།།