4月27日,拉孜县人民法院首次以司法惩戒案件向长期规避强制执行的被执行人巴某作出罚款1000元决定。
ཟླ་༤ཚེས་༢༧ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཐེངས་དང་པོར་ཁྲིམས་འཛིན་ཆད་གཅོད་ཀྱི་རྣམ་པའི་ཐོག་ནས་བཙན་ཤེད་ལག་བསྟར་ལ་རྒྱུན་རིང་གཡོལ་བའི་ལག་བསྟར་བྱ་ཡུལ་པ་ཆེ་གེ་མོར་དངུལ་ཆད་སྒོར་༡༠༠༠གཅོད་རྒྱུའི་ཐག་གཅོད་བྱས་པ་རེད།།
简要案情:2019年,巴某从吉某处借款10万元。因巴某未履行生效裁判文书给付义务,案件进入执行程序。法院向巴某发出执行通知书等法律文书后,巴某长期与执行法官玩儿“躲猫猫”,并有履行能力的而拒不履行生效裁判文书确定的义务。经过执行法官长时间的“穷追不舍”,最终成功控制了该被执行人。经明法释理并拟作出拘留决定后,被执行人巴某积极履行10万元债务,请求对长期规避执行的行为从轻处理。最终,结合被执行人巴某工程施工等实际困难,法院按照善意文明执行理念作出上述决定。
གྱོད་དོན་རག་བརྗོད། ༢༠༡༩ལོར། པ་ཆེ་གེ་མོས་སྐྱིད་ཆེ་གེ་མོའི་ལག་ནས་སྒོར་ཁྲི་༡༠གཡས་པ་དང་། པ་ཆེ་གེ་མོས་ནུས་ཐོན་ཁྲུན་གཅོད་ཡིག་རིགས་ཐོག་འཁོད་ཟིན་པའི་འཇལ་སྤྲོད་འགན་འཁྲི་སྒྲུབ་མེད་སྟབས་གྱོད་གཞི་ལག་བསྟར་གོ་རིམ་ལ་སླེབས་པ་རེད། ཁྲིམས་ཁང་གིས་པ་ཆེ་གེ་མོར་ལག་བསྟར་བརྡ་ཐོ་སོགས་པའི་ཁྲིམས་ལུགས་ཡིག་ཆ་བཏང་རྗེས། པ་ཆེ་གེ་མོས་རྒྱུན་རིང་པོ་ཞིག་ལ་ལག་བསྟར་ཁྲིམས་དཔོན་དང་གབ་རེས་འུར་རེས་བྱས་ཤིང་། འཇལ་སྤྲོད་ནུས་པ་ཡོད་བཞིན་དུ་ནུས་ཐོན་ཁྲུན་གཅོད་ཡིག་རིགས་ཐོག་འཁོད་ཟིན་པའི་འཇལ་སྤྲོད་འགན་འཁྲི་མ་སྒྲུབ་པ་རེད། མཐར་ལག་བསྟར་ཁྲིམས་དཔོན་གྱིས་ལྷོད་མེད་རྒྱུན་འཁྱོངས་བྱས་ནས་འདེད་པའི་རྗེས་པ་ཆེ་གེ་མོ་བཀག་འདོམས་བྱེད་ཐུབ་པ་རེད། ཁྲིམས་ལུགས་དང་གནས་ལུགས་འགྲེལ་བཤད་བརྒྱབ་པའི་ཐོག་ཁྲིམས་འཛིན་བཀག་ཉར་བྱེད་རྩིས་བྱས་རྗེས། ལག་བསྟར་བྱ་ཡུལ་པ་ཆེ་གེ་མོས་ལམ་སེང་བུ་ལོན་སྒོར་ཁྲི་༡༠འཇལ་སྤྲོད་བྱས་ཤིང་། ལག་བསྟར་ལ་ཡུན་རིང་གཡོལ་བའི་བྱ་སྤྱོད་ལ་གུ་ཡངས་ཐག་གཅོད་བྱེད་ཆོག་པའི་རེ་ཞུ་བྱས། མཐའ་མར། ལག་བསྟར་བྱ་ཡུལ་པ་ཆེ་གེ་མོ་ལས་གྲྭ་ཨར་བསྐྲུན་བྱེད་བཞིན་པ་སོགས་པའི་དངོས་ཡོད་གནས་ཚུལ་དང་བཟུང་འབྲེལ་བྱས་ཐོག །ཁྲིམས་ཁང་གིས་སེམས་བཟང་ཡ་རབས་ཀྱི་སྒོ་ནས་ལག་བསྟར་བྱེད་པའི་འདུ་ཤེས་ལྟར་གོང་གསལ་གྱི་ཐག་གཅོད་བྱས་ཡོད།།
典型意义:本次罚款决定的作出,既督促被执行人及时履行法定义务,又确保胜诉当事人及时实现权益,同时也向全社会发出了法院严厉打击拒执行为的强烈信号。
དཔེ་སྟོན་སྙིང་པོ། ད་ཐེངས་དངུལ་ཆད་ཀྱི་ཆད་པ་བཅད་པ་དེ། གཅིག་ནས་ལག་བསྟར་བྱ་ཡུལ་གྱིས་ཁྲིམས་འཁོད་འགན་འཁྲི་སྒྲུབ་རྒྱུར་སྐུལ་འདེད་བྱས་ཡོད་ལ། གཉིས་ནས་གཏུག་བཤེར་ནང་རྒྱལ་ཁ་ཐོབ་པའི་དོ་བདག་གི་ཁེ་དབང་དུས་ཐོག་ངང་མངོན་རྒྱུར་ཡོང་རྒྱུར་འགན་སྲུང་བྱས་ཡོད། གསུམ་ནས་དེ་དང་དུས་མཚུངས་སྤྱི་ཚོགས་ཡོངས་ལ་ཁྲིམས་ཁང་གིས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བྱ་རྒྱུའི་བརྡ་རྟགས་དྲག་པོ་བཏང་ཡོད།།།།