“您好,这里是拉萨市柳梧高速检查站,你们移送的一级临控人员普某已被控制,请马上派人接控”。伴着夜色刚回家过“五一”小长假的执行法官接到电话既激动又无奈。如连夜奔波,驱车行驶700余公里至少需要12个小时车程...
ས་སྲོད་ཀྱི་མག་མོག་ཁྲོད་དུ་ངལ་རྩོལ་དུས་ཆེན་ལ་ཁྱིམ་དུ་འབྱོར་མ་ཐག་པའི་ལག་བསྟར་ཁྲིམས་དཔོན་ལ་ཁ་པར་འབྱོར་གསལ། "སྐུ་ཁམས་བཟང་། འདི་ག་ནི་ལྷ་ས་གྲོང་ཁྱེར་སྣེའུ་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་རེད། ཁྱེད་ཚོས་སྐྱེལ་སྤྲོད་བྱས་པའི་གནས་སྐབས་ཚོད་འཛིན་བྱེད་མི་བུ་ཆེ་གེ་མོ་ངེད་ས་ཚིགས་སུ་ཚོད་འཛིན་བྱེད་ཐུབ་བྱུང་བས་ཁྱེད་ཚོས་དེ་མུར་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་མི་ལེན་པར་གཏོང་རོགས"ཞེས་བརྗོད། ཁ་པར་དེ་འདྲ་ཞིག་འབྱོར་བར་ལག་བསྟར་ཁྲིམས་དཔོན་དགའ་སྐྱོ་འདྲེས་མའི་སེམས་ཀྱི་དྲྭ་རྒྱར་ཚུད་ཅིང་། བློ་ངོར་གལ་ཏེ་ལམ་སེང་འགྲུལ་བཞུད་བྱ་དགོས་ཚེ་མ་མཐར་ཡང་ལམ་ཐག་སྤྱི་ལེ༧༠༠ལྷག་ཙམ་དང་དུས་ཡུན་ཆུ་ཚོད༡༢ཡན་གྱི་འགྲུལ་བཞུད་བྱ་དགོས་སྙམ།
“您好,我是拉孜县人民法院执行法官,麻烦协助本院到柳梧高速检查站接控”,电话这头急忙地说道。“收到,我们马上派人接控,请把案件信息发过来”,电话那头快速地回道。“白加黑”“5+2”是执行工作的常态,执行法官有一首年复一年的进行曲叫“永远在执行路上”。
"སྐུ་ཁམས་བཟང་། གུས་པ་ནི་ལྷ་རྩེ་རྫོང་མི་དམས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་ཡིན། ད་ཐེངས་ངེད་ཁྲིམས་ཁང་གི་གནས་སྐབས་ཚོད་འཛིན་བྱེད་མི་ཞིག་སྣེའུ་མྱུར་བགྲོད་གཞུང་ལམ་ས་ཚིགས་ནས་ལེན་རོགས་གནང"ཞེས་ཁ་པར་བཏང་། ཕ་རོལ་པས"ང་ཚོས་ལམ་སེང་སྒྲུབ་ཆོག གྱོད་གཞིའི་ཆ་འཕྲིན་གཏོང་རོགས་ཞེས་ལན་བཏབ" ཉིན་མཚན་ལྟོས་མེད་དང་ད་དུང་ལས་དུས་དང་གཟའ་མཇུག་ངེས་མེད་དུ་ལས་ལ་གཞོལ་དགོས་པ་ནི་ལག་བསྟར་ཁྲིམས་དཔོན་གྱི་རྒྱུན་ལྡན་གྱི་ལས་ཀའི་རྣམ་པ་ཡིན་ལ་ལོ་འཁོར་མོར་ལག་བསྟར་བྱེད་པའི་འགྲུལ་བཞུད་ནི་ཆུ་བོའི་རྒྱུན་བཞིན་ཡིན།
经拉萨堆龙法院执行干警凌晨近2个小时协助接控和追款,案件得以顺利执结,七千余元执行案款全部到位。在以能动执行充分彰显“天下执行一家亲”工作理念的同时,为“切实解决执行难”和节约司法资源积极作为。
ཐོ་རེངས་སུ་ཆུ་ཚོད༢ལྷག་ཙམ་རིང་སྟོད་ལུང་ཁྲིམས་ཁང་གི་ལག་བསྟར་ཉེན་རྟོག་ལས་བྱེད་པས་ལག་བསྟར་ཕོག་མཁན་ལ་ཚོད་འཛིན་དང་གྱོད་དངུལ་འདེད་རོགས་སོགས་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད། ལག་བསྟར་གྱོད་གཞི་འདི་ཉིད་ལམ་སེང་གྱོད་སྒྲུབ་ཐུབ་པ་མ་ཟད་ཁྱོན་གྱོད་དངུལ་སྒོར༧༠༠༠ཚང་མ་ལག་བསྟར་ཐུབ་པས། བྱ་སྤྱོད་ངོ་མའི་ཐོག་ནས་རང་སྟོབས་ལག་བསྟར་དང་གནམ་འོག་ལག་བསྟར་ཁྱིམ་ཚང་གཅིག་གི་ལས་དོན་གྱི་འདུ་ཤེས་མངོན་འགྱུར་ཐུབ་ཡོད་ལ། ཏན་ཏིག་ངང་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་ཁྲིམས་འཛིན་གྱི་ཐོན་ཁུངས་ལ་གྲོན་ཆུང་གང་ལེགས་བྱ་རྒྱུར་ནུས་པ་ལེགས་འདོན་བྱས་ཡོད།
下一步,拉孜执行将持续深化“24小时+”“节假日+”协助执行办案模式,做到事事有回应、件件有着落、凡事有交代。
མ་འོངས་པར། ལྷ་རྩེའི་ལག་བསྟར་གྱིས"ཆུ་ཚོད༢༤+""ངལ་གསོའི་དུས་ཚོད+"སོགས་ལག་བསྟར་གཞོགས་འདེགས་ཀྱི་ལས་ཀའི་བྱེད་ཕྱོགས་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཏེ། གཏམ་ལ་གཏམ་ལན་དང་དོན་ལ་དོན་འཁྱོལ་ཡོང་བའི་ལས་ཀའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན༎