“五一”小长假,你或许呼朋引伴,齐聚一场,迎接“诗和远方”,来一场说走就走的旅行;或许远离城市喧嚣,选择另类度假方式放空自我;或许看花赏景、吃遍美食、宅家休息、陪伴家人...
“ལྔ་གཅིག”གི་ངལ་གསོའི་དུས་ཚོད་ནང་། གཅིག་བྱས་ན་ཁྱེད་ཀྱིས་གྲོགས་པོ་དང་མཇལ་འཛོམས་བྱས་ཏེ“སྙན་ངག་དང་རྒྱང་རིང”ལ་བསུ་བ་ཞུ་བཞིན་ཡུལ་སྐོར་དུ་ཐོན་སྲིད་ལ་གཅིག་བྱས་ན་གྲོང་ཁྱེར་གྱི་ཅ་ཅོ་དང་ཁ་བྲལ་ནས་གུང་གསེང་གཏོང་སྟངས་གཞན་ཞིག་ལ་གདམ་ཁ་བྱས་ཏེ་རང་གིས་རང་ལ་སྤྲོ་སྐྱིད་ཞིག་སྦྱིན་སྲིད། གཅིག་བྱས་ན་མེ་ཏོག་དང་མཛེས་ལྗོངས་ལ་ལྟ་བཞིན་ཟས་ཞིམ་སྣ་ཚོགས་ཀྱི་བྲོ་བ་མྱོང་སྲིད་ལ་གཅིག་བྱས་ན་ཁྱིམ་དུ་ངལ་གསོ་རྒྱག་བཞིན་ཁྱིམ་མི་དང་མཉམ་འཛོམས་ཡང་བྱེད་སྲིད།
“劳动节你们执行法官不是放假吗?被‘冻结’的小长假,我在亲朋好友面前丢尽了脸面。法官,我要马上还钱”。被执行人达某急得如热锅上的蚂蚁。
“ལག་བསྟར་ཁྲིམས་དཔོན་ངལ་རྩོལ་དུས་ཆེན་ལ་ངལ་གསོ་མ་རེད་དམ། ‘བཀག་བཅད’ཕོག་རིང་ངས་གཉེན་ཉེ་དང་གྲོགས་པོ་ཚོའི་མདུན་དུ་ངོ་གདོང་སྟོན་རྒྱུ་མེད་པ་བཟོས་སོང་། ཁྲིམས་དཔོན་ལགས། ངས་ལག་བསྟར་གྱོད་གཞིའི་དངུལ་ལམ་སེང་སྤྲོད་རྒྱུ་ཡིན།” ཞེས་ཤོད་བཞིན་ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོ་ནི་རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་བཞིན་དུ་སྣང་།
原来,次某、普某与达某运输合同纠纷一案在节前进入强制执行程序后,达某有履行能力而拖延履行。“五一”小长假期间,执行法官依法对达某银行卡、支付宝、微信支付等进行冻结。
གང་ལགས་ཞེ་ན། ཚེ་ཆེ་གེ་མོ་དང་བུ་ཆེ་གེ་མོ། ཟླ་ཆེ་གེ་མོ་དབར་གྱི་སྐྱེལ་འདྲེན་གན་རྒྱའི་རྩོད་གཞི་དེ་ངལ་རྩོལ་དུས་ཆེན་སྔོན་ལ་ཁྲིམས་ཁང་གི་བཙན་ཤེད་ལག་བསྟར་གྱི་གོ་རིམ་དུ་སླེབས་པ་དང་། ཟླ་ཆེ་གེ་མོས་ལག་བསྟར་བྱེད་ནུས་ཡོད་བཞིན་དུ་ལག་བསྟར་བྱེད་ཡུན་ནར་འགྱངས་བྱས་ཡོད། “ལྔ་གཅིག” གི་ངལ་གསོའི་རིང་ལག་བསྟར་ཁྲིམས་དཔོན་གྱིས་ཟླ་ཆེ་གེ་མོའི་དངུལ་ཁང་གཱ་དང་། དངུལ་སྤྲོད་འབོ། འཕྲིན་ཕྲན་དངུལ་སྤྲོད་སོགས་ཁྲིམས་ལྟར་བཀག་བཅད་བྱས་པ་རེད།
当达某和亲朋好友的“诗和远方”接近尾声时,因达某支付宝、微信支付被冻结,“我做东”变成了“我被冻”。随即,达某主动联系执行法官自动履行22,000余元的全部执行案款,并表示必将汲取“出丑亮相”的深刻教训。
ཟླ་ཆེ་གེ་མོ་དང་གཉེན་ཉེ་སྤུན་མཆེད་ཚོའི“སྙན་ངག་དང་རྒྱང་རིང”གི་སྤྲོ་གསེང་མཇུག་འགྲིལ་གྲབས་ཡོད་སྐབས། ཁོ་པའི་དངུལ་སྤྲོད་འབོ་དང་འཕྲིན་ཕྲན་དངུལ་སྤྲོད་སོགས་ཁྲིམས་ལྟར་བཀག་བཅད་བྱས་པར་བརྟེན་ཁོ་པས་སྦྱིན་བདག་དོན་རྒྱུ་ནས་ཁོ་པར་ཁྲིམས་འཛིན་བཀག་བཅད་བྱས་པ་ཚང་མས་ཧ་གོ་བའི་“ཟློས་གར”རུ་གྱུར། དེས་ན་ཟླ་ཆེ་གེ་མོས་རང་འགུལ་ངང་ལག་བསྟར་ཁྲིམས་དཔོན་དང་འབྲེལ་བ་བྱས་ཏེ་ལག་བསྟར་གྱོད་གཞིའི་དངུལ་ཁྱོན་སྒོར22,000ཚང་མ་ལག་བསྟར་བྱས་པ་དང་འབྲེལ“སྐྱུག་བྲོའི་ཟློས་གར” དེ་ལས་བསླབ་བྱ་ཟབ་མོ་ཐེབས་བྱུང་ཞེས་བཤད་པ་རེད།
执行法官提醒您:当执行法官的担当插上现代化“智慧”翅膀时,被执行人主动履行生效裁判文书确定的义务才是正途!
ལག་བསྟར་ཁྲིམས་དཔོན་གྱིས་ཁྱེད་ལ་དྲན་སྐུལ་ཞུ་རྒྱུར། ལག་བསྟར་ཕོག་མཁན་གྱིས་རང་འགུལ་ངང་ཁྲིམས་ཀྱི་ནུས་པ་ཐོན་པའི་ཁྲིམས་གཅོད་ཡིག་ཆའི་འོས་འགན་བསྒྲུབ་རྒྱུ་དེ་ནི་གོང་གི“སྐྱུག་བྲོའི་ཟློས་གར”དེ་ལྟ་བུ་གཏན་འགོག་བྱེད་པའི་ཆེས་ཡང་དག་གི་ལམ་བུ་ཅིག་ཤོས་དེའོ།།