当前位置: 首页 > 法院文化 > 法官风采
行千里路  讲好能动执行故事
  发布时间:2023-05-24 21:10:39 打印 字号: | |

为全面深入贯彻落实习近平法治思想,依法保障胜诉当事人及时实现权益,近日,拉孜县人民法院执行团队奔赴阿里普兰、噶尔、札达等地开展“行千里路 讲好能动执行故事”暨异地执行专项行动。执结各类案件9件,兑现抚养费、劳务工资等案款6.8万元,冻结项目资金11万余元等。

ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། ཞུ་གཏུག་ལ་རྒྱལ་ཁ་ཐོབ་པའི་དོ་བདག་གི་ཁེ་དབང་དུས་ཐོག་ཏུ་སྲུང་སྐྱོབ་ཡོང་རྒྱུར་འགན་སྲུང་བྱ་ཆེད།  ཉེ་ཆར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཚོགས་ཆུང་གིས་སྔ་རྗེས་སུ་མངའ་རིས་སྤུ་ཧྲེང་དང་སྒར། རྩ་མདའ་སོགས་རྫོང་དང་ས་ཁུལ་དུ་བསྐྱོད་དེ“ལེ་དབར་སྟོང་ཕྲག་བསྐྱོད་དེ་རང་སྟོབས་ལག་བསྟར་གྱི་གཏམ་རྒྱུད་གླེང”ཞེས་པའི་ཆེད་དམིགས་བྱེད་སྒོ་སྤེལ་བ་རེད།  ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད་ཁྱོན་ལག་བསྟར་གྱོད་གཞི༩ཐག་གཅོད་ཐུབ་པ་དང་། ཕྲུ་གུའི་གསོ་རྟེན་དང་ངལ་རྩོལ་གླ་ཆ་སོགས་དངུལ་སྒོར་ཁྲི༦.༨ལག་བསྟར་ཐུབ་པ་མ་ཟད།  རྣམ་གྲངས་གྱི་མ་དངུལ་སྒོར་ཁྲི༡༡ལྷག་ཙམ་བཀག་བཅད་ཐུབ་པ་རེད།  

在本次专项行动中,“堆谐天平执行团队”始终将讲好能动执行故事作为服务经济社会发展大局和实现市域社会治理现代化的必然选择,做到公正、效率、能动、温度“多翼”并行。一是坚持能动执行理念。对偏远牧区、工地、边境等务工的被执行人提供“上门执行”服务,既避免当事人因处理执行案件失去劳务岗位等风险,又促使当即履行生效法律文书义务。二是坚持善意文明理念。对虽拒不报告个人财产状况、长期规避强制执行,却有固定可观收入的被执行人采取“活”查封、训诫等措施,避免机械办案,切实彰显人民法院“强制力+司法温度”工作理念。三是坚持“线上+”“线下+”为民理念。对千里之隔的执行和解案件遵循“隔千里兮共月”的工作理念,通过智慧执行、“微”和解等方式组织线上和解,切实讲好能动执行+信息化故事。

ཆེད་དམིགས་བྱེད་སྒོའི་ནང་། “སྟོད་གཞས་ཁྲིམས་སྲང་ལག་བསྟར་ཚོགས་ཆུང”གིས་སྔ་ཕྱི་བར་གསུམ་དུ་རང་སྟོབས་ལག་བསྟར་གྱི་གཏམ་རྒྱུད་གླེང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་གདམ་ག་ལྡོག་མེད་དུ་འཛིན་ཏེ།  དྲང་གཞག་དང་ལས་ཆོད། རང་འགུལ། དྲོད་ལྡན་ཅན་བཅས“སྣ་མང་མཉམ་གནས”ཐུབ་པར་ཤུགས་སྣོན་རྒྱབ་ཡོད།  གཅིག་ནས་རང་སྟོབས་ལག་བསྟར་གྱི་འདུ་ཤེས་མཐའ་འཁྱོངས་བྱས་པ།  དེ་ཡང་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དང་མཐའ་མཚམས་སོགས་སུ་ཞོར་ལས་བྱེད་བཞིན་པའི་ལག་བསྟར་ཕོག་མཁན་ལ“སྒོ་རྩར་བསྐྱོད་ནས་ལག་བསྟར་བྱེད་པའི”ཞབས་ཞུ་མཁོ་འདོན་བྱས་ཏེ་དོ་བདག་གིས་གྱོད་གཞི་ཐག་གཅོད་བྱེད་རིང་ངལ་རྩོལ་ལས་གནས་ཤོར་བར་བཀག་འགོག་དང་འཕྲལ་མར་ཁྲིམས་ནུས་ཐོན་པའི་ཁྲིམས་ལུགས་ཡིག་ཆའི་འོས་འགན་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད།  གཉིས་ནས་སེམས་བཟང་ཤེས་དཔལ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་པ།  མ་གཞི་ལག་བསྟར་ཕོག་མཁན་ཁག་གཅིག་གིས་རྒྱུ་ནོར་གྱི་གནས་ཚུལ་སྙན་སེང་མི་ཞུ་བ་དང་། དུས་ཡུན་རིང་པོའི་ནང་བཙན་ཤེད་ལག་བསྟར་བྱེད་རྒྱུར་གཡོལ་ཐབས་བྱས་པ་སོགས་ཀྱི་བྱ་སྤྱོད་བཅའ་ཁྲིམས་ལས་འགལ་མོད། འོན་ཀྱང་གཏན་འཇགས་ཀྱི་ཡོང་འབབ་ཡོད་པའི་ལག་བསྟར་ཕོག་མཁན་ལ་དྲོད་ཚད་ལྡན་པའི་བཀག་བཅད་དང་བསླབ་བྱ་སོགས་ཀྱི་བྱ་ཐབས་སྤྱད་ནས་མི་དམངས་ཁྲིམས་ཁང་གི་བཙན་ཤུགས་དང་ཁྲིམས་འཛིན་དྲོད་ཚད་ཟུང་དུ་འབྲེལ་བའི་ལས་ཀའི་འདུ་ཤེས་ཏན་ཏིག་ངང་མངོན་པར་བྱས་ཡོད།  གསུམ་ནས“དྲ་ཐོག+”“དྲ་འོག+”གི་དམངས་ཕན་འདུ་ཤེས་མཐའ་འཁྱོངས་བྱས་པ།  དེ་ཡང་ལམ་ཐག་ལེ་དབར་སྟོང་གི་ཆོད་པའི་གྱོད་གཞིའི་དོ་བདག་དབར་ལག་བསྟར་འདུམ་འགྲིག་བྱེད་སྐབས“བར་ཐག་ལེ་དབར་སྟོང་གི་ཆོད་ན་ཡང་ཉ་གང་ཟླ་བའི་འོད་ཟེར་ཀུན་ལ་འཕྲོ”ཞེས་པའི་དཔེ་ལྟར་བློ་རིག་ལག་བསྟར་མཉེན་ཆས་དང“འཕྲིན་ཕྲན”སོགས་བེད་སྤྱད་དེ་དྲ་ཐོག་ནས་ལག་བསྟར་འདུམ་འགྲིག་བྱས་པར་རང་སྟོབས་ལག་བསྟར་དང་ཆ་འཕྲིན་ཅན་ཟུང་དུ་འབྲེལ་བའི་གཏམ་རྒྱུད་ལྷུག་གླེང་བྱས་ཡོད།  


异地执行,虽远必执。在下一步工作中,拉孜县人民法院执行团队以更加扎实的工作作风、更加创新的执行举措、更加出色的工作效能、更加精彩的执行故事切实解决执行难问题,将“堆谐天平执行”打造成人民法院优质执行品牌。

གཞན་ཡུལ་ལེ་དབར་སྟོང་གིས་ཆོད་ན་ཡང་།  རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དྲང་པོར་སྐྱོངས།  གོམ་སྟབས་རྗེས་མའི་ལས་དོན་ནང་དུ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཚོགས་ཆུང་གིས་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་། ལག་བསྟར་བྱ་ཐབས་སྔར་བས་གསར་གཏོད།  སྔར་ལས་གཟེངས་སུ་ཐོན་པའི་ལས་ཀའི་སྤུས་ནུས་དང་ངོ་མཚར་ཆེ་བའི་ལག་བསྟར་ལས་ཀའི་གཏམ་རྒྱུད་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ“སྟོད་གཞས་ཁྲིམས་སྲང་ལག་བསྟར”འདི་ཉིད་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་གྱི་སྤུས་ལེགས་མཚོན་རྟགས་ཞིག་ཏུ་འཛུགས་བསྐྲུན་བྱ་རྒྱུ་ཡིན།།

 

 

来源:执行局
责任编辑:加央

友情链接

最高人民法院网

西藏法院网

日喀则市中级人民法院网