“法官您好!因为经营不善,我已经欠下了近千万的债务。我现在有处房产在仲巴县隆嘎尔乡,我想以物抵债形式履行生效法律文书义务”,六旬被执行人扎某诚恳地说道。“我们俩是近几十年的生意伙伴,我也不想因为我的案件把他列为失信被执行人,因为他的两个女儿都是即将毕业的大学生”,申请执行人鲁某同情的答道。
ལོ་ན་དྲུག་ཅུར་སླེབས་པའི་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོས་བཤད་དོན། “ཁྲིམས་དཔོན་ལགས། ངས་གཉེར་སྐྱོང་ཡག་པོ་མ་བྱུང་བའི་རྐྱེན་གྱིས་བུ་ལོན་ཁྲི་སྟོང་ཙམ་ཆད་ཡོད། ད་ཆ་ང་ལ་འབྲོང་པ་རྫོང་ལུང་དཀར་ཤང་དུ་ཁང་པ་ཞིག་ཡོད། ངས་ཁང་པ་དེ་ལག་བསྟར་རེ་ཞུ་མཁན་ལ་སྤྲད་དེ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པའི་ཡིག་ཆའི་འོས་འགན་བསྒྲུབ་རྒྱུ་ཡིན” ལག་བསྟར་རེ་ཞུ་མཁན་ལུའུ་ཆེ་གེ་མོས་གདུང་སེམས་མཉམ་སྐྱེས་ཀྱིས“ངེད་གཉིས་ནི་ལོ་བཅུ་ཕྲག་ཁ་ཤས་རིང་གི་ཚོང་རོགས་ཡིན་པས་ངས་ཀྱང་རང་ཉིད་ཀྱི་གྱོད་གཞི་འདིའི་རྐྱེན་གྱིས་ཁོ་བོ་ཡིད་རྟོན་ཤོར་བའི་ལག་བསྟར་ཕོག་མཁན་གྱི་མིང་ཐོའི་ནང་དུ་འཇུག་འདོད་མིན་འདུག གང་ལགས་ཤེ་ན། ཁོ་བོའི་བུ་མོ་གཉིས་ཀ་ནི་སློབ་གྲྭ་ཐོན་ཉེར་ཡོད་པའི་སློབ་ཆེན་སློབ་མ་རེད”ཅེས་བཤད།
当法官通知当事人前往往返1400余公里的仲巴县隆嘎尔乡实地查看拟以物抵债的房产时,被执行人扎某言语吞吞吐吐。法官深入了解才知道被执行人扎某连往返路费都无力支付。自己年过六旬、老伴儿常年疾病缠身、靠小超市微博的收入供两个女儿上大学...最终,执行法官执意“违反”规定,用“车载流动法庭”提供上门服务与当事人同行、自掏腰包与当事人同吃。执行路上车辆无数次停歇,执行法官无数次扶着“晕车”的扎某擦拭着他身上的呕吐物...
ཁྲིམས་དཔོན་གྱིས་དོ་བདག་གཉིས་ལ་སྤྱི་ལེ1400ལྷག་ཙམ་བསྐྱོད་དེ་འབྲོང་པ་རྫོང་ལུང་དཀར་ཤང་དུ་ཁང་པ་བལྟ་བར་འགྲོ་རྒྱུའི་བརྡ་ཐོ་གཏོང་སྐབས། ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོའི་བརྡ་ལན་མོག་པོར་སྣང་། ཁྲིམས་དཔོན་གྱིས་རྒྱུས་ལོན་ཟབ་མོ་ཞིག་བྱས་པ་བརྒྱུད་ད་གཟོད་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོར་འགྲོ་འོང་གི་ལམ་གླ་ཡང་མེད་པ་ཤེས་པ་མ་ཟད། ཁོ་བོ་རང་ཉིད་ལོ་དྲུག་ཅུར་སླེབས་པ་དང་། བཟའ་ཟླ་ནམ་ཞག་རྒྱུན་དུ་ནད་ཀྱིས་མནར་བ། སྒོ་རྩིས་ཚོང་ཁང་ཆུང་གྲས་ཀྱི་དཔོད་ཆུང་ལ་བརྟེན་ནས་བུ་མོ་གཉིས་སློབ་ཆེན་དུ་གཏོང་གི་ཡོད་པ་ཤེས། མཐར་ཁྲིམས་དཔོན་གྱིས་ཨུ་ཚུགས་ཀྱིས“གཏན་འབེབས་ལས་འགལ་ཏེ”སྐོར་སྐྱོད་ཁྲིམས་རའི་ཞབས་ཞུའི་ལམ་ནས་གྱོད་གཞིའི་དོ་བདག་དང་མཉམ་བསྐྱོད་དང་རང་ཉིད་ཀྱི་དངུལ་བཏོན་ནས་ཟ་མ་མཉམ་ཟ་བྱས་ཡོད། ལམ་བར་དུ་རླངས་འཁོར་ཐེངས་མང་ངལ་གསོ་རྒྱག་དགོས་བྱུང་ཞིང་། ཁྲིམས་དཔོན་གྱིས་རླངས་འཁོར་ལས་བབ་ཏེ་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོར་རོགས་སྐྱོར་བྱས་ཞོར་ཁོ་བོའི་སྐྱུག་པ་ཐེངས་མང་ཕྱིས།
到达现场后案件再次进入僵局,拟以物抵债的房屋按照市场走势不值通过另案实现债权的17万余元。行千里返回被执行人扎某的小商店后,法官看到被执行人扎某看店经营的女儿再次陷入思考。如果强制执行这家商店,无疑将一家四口的生活推向“绝望”的边缘。如“机械化”执行将被执行人扎某纳入失信名单,影响的将是他两个女儿的大好人生。
ས་ཡུལ་དངོས་སུ་སླེབས་རྗེས་གྱོད་གཞིའི་ལག་བསྟར་ལས་དོན་བསྐྱར་དུ་འཕེལ་མེད་སོར་གནས་སུ་ལུས་ཤིང་། གྱོད་གཞི་གཞན་གྱི་དོ་བདག་གིས་ལག་བསྟར་ཕོག་མཁན་ལ་སྤྲད་པའི་རིན་གོང་སྒོར་ཁྲི17གྱི་ཁང་པ་དེ་ད་ལྟའི་ཚོང་རའི་འཕེལ་ཕྱོགས་དང་བསྡུར་ན་མངོན་འགྱུར་བྱ་ཐབས་ཡོངས་སུ་བྲལ་ཡོད། ལེ་དབར་སྟོང་གི་ས་ནས་ལོག་རྗེས། ཁྲིམས་དཔོན་གྱི་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོའི་ཚོང་ཁང་དུ་ཚོང་གཉེར་བྱེད་བཞིན་པའི་ཁོ་བོའི་བུ་མོ་མཐོང་བས་གྱོད་གཞིའི་ལག་བསྟར་ཐད་ཡང་བསྐྱར་མནོ་བསམ་འདི་ལྟར་བཏང་དགོས་བྱུང་། གལ་ཏེ་བཙན་ཤེད་ཀྱིས་ཚོང་ཁང་འདི་ལག་བསྟར་བྱེད་དུ་བཅུག་ན་ཁྱིམ་མི་བཞི་བོའི་འཚོ་བའི“རེ་བ་གཅིག་པུ”དེ་མེད་པར་འགྲོ་བ་དང་། ཁྲིམས་ལྟར་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོ་ཡིད་རྟོན་མེད་པའི་མིང་ཐོའི་ནང་བཅུག་ཚེ་ཁོ་བོའི་བུ་མོ་གཉིས་ཀྱི་མི་ཚེར་ཤུགས་རྐྱེན་ཐེབས་རྒྱུ་ངེས་ཅན་ཡིན་པར་བསམ།
案件执行几个月,执行法官已经不记得这是他组织和解的第几场,但是他还是想试试看。因为被执行人扎某作为主张方的土地权属纠纷、金银首饰买卖纠纷、房屋买卖纠纷等案件正在处理,执行法官相信宣判的那一刻还有他的“曙光”。
གྱོད་དོན་ལག་བསྟར་བྱས་ནས་ཟླ་བ་ཁ་ཤས་ཕྱིན་ཡང་། ཁྲིམས་དཔོན་གྱིས་དེ་ནི་ཁོང་གིས་གྱོད་གཞི་འདིར་སྒྲིག་འཛུགས་བྱས་པའི་འདུམ་འགྲིག་ཐེངས་ག་ཚོད་ཡིན་པ་མི་དྲན་མོད། འོན་ཀྱང་ཁོང་གིས་ད་དུང་ཚོད་ལྟ་ཞིག་གནང་འདོད། གང་ལགས་ཤེ་ན། ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོའི་ཞུ་གཏུག་བྱས་པའི་ས་ཆའི་བདག་དབང་གི་རྩོད་གཞི་དང་། གསེར་དངུལ་རྒྱན་ཆའི་ཉོ་འཚོང་གི་རྩོད་གཞི། ཁང་པ་ཉོ་ཚོང་གི་རྩོད་གཞི་བཅས་ཀྱི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱེད་དུས་ཁོ་བོས་རང་འགུལ་གྱིས་ཆད་དངུལ་ལག་བསྟར་བྱ་རྒྱུར་ཡིད་ཆེས་ཆེན་པོ་བཅངས་བཞིན་ཡོད།
最终,当事人就买卖合同纠纷引起的21万余元欠款达成分期三年履行的执行和解协议。被执行人扎某继续经营“命根子”超市,两个女儿安心上学,他的老伴儿安心就医。最后一刻,被执行人握着法官的手说道:“你是一个生活经验丰富而懂得群众困难的法官”。申请执行人同样握着法官的手说道:“看到他现在的样子我也很难受。你是一个值得信任的好法官”。
མཐར་དོ་བདག་དབར་གྱི་ཉོ་ཚོང་གན་རྒྱའི་སྒོར་ཁྲི21ལྷག་ལོན་པའི་ཆད་དངུལ་དེ་དག་ལོ་གསུམ་ནང་ཚུན་དུ་སྤྲོད་རྒྱུའི་ལག་བསྟར་བར་འདུམ་བྱུང་བ་དང་། ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོའི“སྲོག་རྩ་”ལྟར་དུ་སྣང་བའི་སྒོ་རྩིས་ཚོང་ཁང་མུ་མཐུད་གཉེར་སྐྱོང་བྱེད་ཐུབ་ལ། ཁོ་བོའི་བུ་མོ་གཉིས་བློ་བདེ་བག་ཕེབས་ཀྱི་སློབ་གྲྭའི་འཚོ་བར་རོལ་ཆོག་ཅིང་ཁོ་བོའི་བཟའ་ཟླ་ཡང་བློ་བདེ་པོས་སྨན་བཅོས་བྱེད་ཆོག མཐར་ལག་བསྟར་ཕོག་མཁན་བཀྲ་ཆེ་གེ་མོས་ཁྲིམས་དཔོན་གྱི་ལག་ནས་འཇུས་ཏེ་“ཁྱེད་ནི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་མང་ཚོགས་ཀྱི་དཀའ་ངལ་ཤེས་པའི་ཁྲིམས་དཔོན་ཞིག་རེད་”ཅེས་བཤད། ལག་བསྟར་རེ་ཞུ་མཁན་གྱིས་ཀྱང་དུས་མཚུངས་སུ་ཁྲིམས་དཔོན་གྱི་ལག་ནས་འཇུས་ཏེ“ཁོ་བོའི་ད་ལྟའི་གནས་བབ་མཐོང་སྐབས་ང་ཡང་སེམས་པ་ཧ་ཅང་སྐྱིད་པོ་མི་འདུག ཁྱེད་ནི་བློས་འགེལ་ཆོག་པའི་ཁྲིམས་དཔོན་བཟང་པོ་ཞིག་རེད”ཅེས་བཤད།
夜色渐浓,打道回府。执行法官深深思考何为情法交融。
ལག་བསྟར་ཁྲིམས་དཔོན་མཚན་མོའི་རབ་རིབ་དང་འགྲོགས་སྟེ་ལས་ཁུངས་སུ་ལོག་ཞོར། ཡང་སྙིང་ཇི་ལྟར་བྱས་ཏེ་བཅའ་ཁྲིམས་དང་བརྩེ་བ་མཉམ་འདྲེས་ཐོག་ནས་གྱོད་གཞི་ཐག་གཅོད་བྱ་དགོས་མིན་ཐད་བསམ་གཞིག་ཡང་ཡང་བྱ་དགོས་བྱུང་ངོ་།