当前位置: 首页 > 新闻中心 > 法院新闻
拉孜县人民法院公开开庭审理并当庭宣判一起危险驾驶罪案件【བོད་རྒྱ་སྐད་གཉིས】
  发布时间:2023-09-25 19:23:56 打印 字号: | |

交通安全,老生常谈,但总有一些人听不进去劝,“热衷”于以身试险。2023年9月25日,拉孜县人民法院公开开庭审理并当庭宣判一起危险驾驶罪案件。被告人户籍所在乡11个行政村22名农牧民群众旁听案件。 

འགྲིམ་འགྲུལ་བདེ་འཇགས་རྟག་དང་རྒྱུན་དུ་གླེང་མོད། མི་འགའ་རེར་སློབ་གསོ་ཐེབས་རྒྱུ་ཕར་འཇོག་རྟག་ཏུ་རང་ལུས་ཕྲ་མོས་ཉེན་ཁར་འགྲན་པའི་གླེན་པའི་ལས་ལ་བརྩོན་བཞིན་ཡོད། ༢༠༢༣ལོའི་ཟླ་༩ཚེས་༢༥ཉིན་ལ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ཏེ་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་གསོག་གྱོད་གཞི་ཞིག་ལ་འདྲི་གཅོད་བྱས་ཤིང་དཔྱད་མཚམས་བཏང་བ་དང་། གྱོད་ཡའི་ཐེམ་ཁུངས་ཀྱི་ཤང་དེ་གའི་གྲོང་ཚོ་༡༡གི་ཞིང་འབྲོག་མང་ཚོགས་༢༢ཟུར་ཉན་ལ་ཞུགས་པ་རེད།།

【基本案情】གྱོད་དོན་མདོར་བསྡུས།

经审理查明,2023年2月15日凌晨1时许,拉孜县公安局交警大队执勤民警在开展集中夜查行动时,在拉孜县曲下镇老中尼路与嘉定路十字路口处发现旦某酒后驾驶机动车的违法行为。经西藏自治区日喀则市公安局司法鉴定中心对旦某血液样本进行检验鉴定后,检验结果为186.80mg/100ml,达到醉酒标准。

འདྲི་གཅོད་བྱས་པ་བརྒྱུད་གསལ་རྟོགས་བྱུང་བར། ༢༠༢༣ལོའི་ཟླ་༢ཚེས་༡༥ཉིན་གྱི་ཐོ་རེངས་ཆུ་ཚོད་༡པོའི་གཡས་གཡོན་ལ། ལྷ་རྩེ་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་མཚན་མོའི་ཞིབ་བཤེར་བྱ་སྤྱོད་སྤེལ་སྐབས། ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ཀྲུང་ཉི་རྙིང་ལམ་དང་ཅྰ་ཏིང་ལམ་གྱི་བཞི་མདོར་བསྟན་ཆེ་གེ་མོས་ཆང་བཏུང་རྗེས་འཁོར་རིགས་བཏང་བའི་ཁྲིམས་འགལ་བྱ་སྤྱོད་རྩད་ཆོད་བྱུང་བ་དང་། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུད་ཁྲིམས་འཛིན་ཆོད་བསྡོམས་ལྟེ་གནས་ཀྱིས་བསྟན་ཆེ་གེ་མོའི་ཁྲག་གི་མ་དཔེར་ཆོད་བསྡོམས་བྱས་པ་བརྒྱུད། 186.80mg/100mlགྱི་ཆོད་བསྡོམས་འབྲས་བུ་ཐོན་པས་ར་བཟི་བའི་ཆུ་ཚད་ཟིན་ཡོད་པ་རེད།།

【判决结果】དཔྱད་མཚམས་བཏང་དོན།

法院判决:被告人旦某犯危险驾驶罪,判处拘役两个月缓刑三个月,并处罚金1,000元。

ཁྲིམས་ཁང་གིས་དཔྱད་མཚམས་བཏང་དོན། གྱོད་ཡ་བསྟན་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་པ་བསགས་པར། བཙན་ཉར་ལས་སྐུལ་ཟླ་བ་གཉིས་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་གསུམ་གཅོད་རྒྱུ་དང་སྦྲགས། དངུལ་ཆད་སྒོར་༡༠༠༠བཅད་པ་རེད།།

【当庭释法】ཁྲིམས་ལུགས་དྲིལ་བསྒྲགས།

案件当庭宣判后,承办法官向旁听群众进行深刻的法治教育,让群众认清危险驾驶行为带来的社会危害性,算清酒驾行为造成的法律账、人生账、经济账,引导群众牢固树立道路交通安全法治意识,切实预防危险驾驶机动车的违法行为。旁听人员纷纷表示:“通过本次旁听,对人民法院审理危险驾驶犯罪案件有了更加直观得了解。在今后的工作生活中将谨记‘道路千万条、安全第一条’,文明合法参与交通”。此案公开庭审、当庭宣判的方式实现了“审理一案、宣传一片、教育一方”的良好社会效果,也向全社会传递了人民法院坚决打击危险驾驶犯罪的坚定决心。 

གྱོད་གཞིར་ཁྲིམས་རའི་ཐོག་དཔྱད་མཚམས་བཏང་རྗེས། འགན་འཁུར་ཁྲིམས་དཔོན་གྱིས་ཟུར་ཉན་ལ་ཞུགས་པའི་མང་ཚོགས་རྣམ་པར་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་གནང་ནས། མང་ཚོགས་ཚོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་བྱ་སྤྱོད་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་བཟོ་བའི་རང་བཞིན་ལ་གསལ་ཤེས་བྱེད་དུ་འཇུག་པ་དང་། ར་བཟི་ནས་འཁོར་རིགས་བཏང་བའི་བྱ་སྤྱོད་ཀྱིས་བཟོས་པའི་ཁྲིམས་ལུགས་མཇུག་འབྲས་དང་མི་ཚེར་གནོད་ལུགས། དཔལ་འབྱོར་གྱོང་གུན་སོགས་ལ་ཇི་མ་བཞིན་དབྱེ་ཞིབ་བྱས་ཏེ། མང་ཚོགས་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་སྐུལ་སློང་བྱས་པ་རེད། ཟུར་ཉན་མི་སྣ་རྣམས་ཀྱིས་ད་ཐེངས་ཁྲིམས་རའི་ཟུར་ཉན་ལ་ཞུགས་པ་བརྒྱུད་མི་དམངས་ཁྲིམས་ཁང་གིས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་བྱས་ཉེས་ལ་འདྲི་ཞིབ་ཇི་འདྲ་བྱེད་པར་གསལ་རྟོགས་བྱུང་བ་དང་། སླད་ཕྱིན་ཆད་ཀྱི་ལས་ཀ་དང་འཚོ་བའི་ཁྲོད་དུ་ལམ་ཁ་ཁྲི་སྟོང་མང་ཡང་བདེ་འཇགས་ནི་ཆེས་གལ་ཆེ་ཤོས་ཡིན་པའི་གནས་ལུགས་ངེས་ནས་ཁྲིམས་ལྟར་འགྲིམ་འགྲུལ་ནང་ཞུགས་རྒྱུ་ཡིན་ཞེས་གསུངས་ཡོད། གྱོད་གཞི་འདིར་ཡོངས་བསྒྲགས་ཐོག་འདྲི་གཅོད་བྱས་ཤིང་ཁྲིམས་རའི་ཐོག་དཔྱད་མཚམས་བཏང་པ་བརྒྱུད་གྱོད་གཞི་གཅིག་ལ་འདྲི་གཅོད་ཀྱིས་ཕྱོགས་བཞིར་དྲིལ་བསྒྲགས་ནུས་པ་ཐོན། ཡུལ་གཅིག་ལ་སློབ་གསོ་ཐེབས་པའི་ནུས་པ་ལེགས་པོ་ཐོན་ཡོད་ལ། སྤྱི་ཚོགས་ལ་མི་དམངས་ཁྲིམས་ཁང་གིས་ཉེན་ཁའི་སྒོ་ནས་འཁོར་རིགས་གཏོང་བའི་ཉེས་གསོག་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བསྟན་ཡོད།།

【适用法条】ཁྲིམས་ལུགས་སྤྱད་མཐུད།

《中华人民共和国刑法》第一百三十三条第一款、第五十二条、第五十三条、第六十七条第三款、第七十二条、第七十三条第一款、第三款;

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་དོན་ཆུང་དང་པོ། དོན་ཚན་ལྔ་བཅུ་ང་གཉིས། དོན་ཚན་ལྔ་བཅུ་ང་གསུམ། དོན་ཚན་དྲུག་ཅུ་རེ་བདུན་གྱི་དོན་ཆུང་གསུམ་པ། དོན་ཚན་བདུན་ཅུ་དོན་གཉིས། དོན་ཚན་བདུན་ཅུ་དོན་གསུམ་གྱི་དོན་ཆུང་དང་པོ། དོན་ཆུང་གསུམ་པ།

《最高人民法院 最高人民检察院 公安部关于办理醉酒驾驶机动车刑事案件适用法律若干问题的意见》第一条、第二条第一项、第二项;

《ཆེས་མཐོའ་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་ཡིས་ར་བཟི་ནས་འཁོར་རིགས་བཏང་བའི་ཉེས་དོན་གྱོད་གཞིར་ཁྲིམས་ལུགས་སྤྱད་མཐུར་སྐོར་གྱི་བསམ་འཆར》གྱི་དོན་ཚན་དང་པོ། དོན་ཚན་གཉིས་པའི་དོན་ཆུང་དང་པོ། དོན་ཆུང་གཉིས་པ།

《中华人民共和国刑事诉讼法》第十五条。

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ།

【法官说法】ཁྲིམས་དཔོན་གྱིས་ཁྲིམས་གླེང་བ།

随着人民群众生活水平日益提高,机动车保有量大幅上升,很多家庭都有了爱车。但是,随之而来的还有酒驾、醉驾、危险驾驶等交通违法行为,其所造成的后果往往伴随着血与泪的惨痛教训。法官在此提醒,喝酒不开车、开车不喝酒,希望全体交通参与者遵守交通法规,杜绝危险驾驶。

མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ཏེ། འཁོར་རིགས་ཧ་ཅང་མང་དུ་སོང་ཡོད། ཁྱིམ་ཚང་མང་པོ་ཞིག་ལ་རླངས་འཁོར་ཡང་བྱུང་ཡོད། འོན་ཀྱང་དེ་དང་དུས་མཚུངས་སུ་ཆང་བཏུང་རྗེས་འཁོར་རིགས་གཏོང་བ་དང་ར་བཟི་ནས་འཁོར་རིགས་གཏོང་བ། ཉེན་ཁའི་སྒོ་ནས་འཁོར་རིགས་གཏོང་བའི་སོགས་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་མང་པོ་ཐོན་བཞིན་ཡོད། དེས་བཟོས་པའི་མཇུག་འབྲས་ནི་ཁྲག་དང་འཆི་མས་བརླན་པའི་ཡིད་སྐྱོ་དགོས་པའི་སྣ་བསུན་དང་འདྲེས་ཡོད། ཁྲིམས་དཔོན་གྱིས་འདི་གར་དྲན་སྐུལ་ཞུ་དོན། ཆང་བཏུང་རྗེས་འཁོར་རིགས་གཏོང་མི་རུང་ལ་འཁོར་རིགས་བཏང་རྗེས་ཆབ་འཐུང་མི་ཉན། འགྲིམ་འགྲུལ་ཞུགས་མཁན་པ་ཚོས་ངེས་པར་དུ་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ཏེ་ཉེན་ཁའི་སྒོ་ནས་འཁོར་རིགས་གཏོང་རྒྱུར་གཏན་འགོག་བྱེད་དགོས།།།།

 


 

责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网