当前位置: 首页 > 新闻中心 > 法院新闻
连堂审理——拉孜县人民法院判决2起   危险驾驶罪案件
  发布时间:2023-09-28 18:01:19 打印 字号: | |

927日,拉孜县人民法院连堂审理并判决2危险驾驶罪案件,来自拉孜县人民政府后勤服务中心的15名驾驶员和查务乡15名农牧民群众受邀旁听庭审。

ཟླ་༩ཚེས་༢༧ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་བསྟུད་མར་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་བསགས་གྱོད་གཞི་༢ལ་འདྲི་ཞིབ་བྱས་ཤིང་དཔྱད་མཚམས་བཏང་། ལྷ་རྩེ་རྫོང་མི་དམངས་སྲིད་གཞུང་རྒྱབ་ཕྱོགས་ཞབས་འདེགས་ལྟེ་གནས་ནས་ཡོང་པའི་ཁ་ལོ་བ་༡༥དང་གྲའུ་ཤང་ནས་ཡོང་པའི་ཞིང་འབྲོག་མང་ཚོགས་༡༥གདན་ཞུ་ལྟར་འདྲི་ཞིབ་ཀྱི་ཟུར་ཉན་ལ་ཞུགས་པ་རེད།། 

【基本案情】གྱོད་དོན་མདོར་བསྡུས།

1.张某犯危险驾驶罪一案。2023年8月某日,张某醉酒驾驶机动车撞倒路灯被群众举报后被执勤民警查获,其血液乙醇含量达到217.17mg/100ml。

༡ ༽ཀྲང་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་པའི་ཉེས་གསོག་གྱོད་གཞི། ༢༠༢༣ལོའི་ཟླ་༨ཉིན་ཞིག་ལ། ཀྲང་ཆེ་གེ་མོས་ར་བཟི་ནས་རླངས་འཁོར་བཏང་སྟེ་ལམ་སྒྲོན་གློག་སྡོང་ལ་བརྡུང་པ་དང་། མང་ཚོགས་ཀྱིས་འཐེར་འདོན་བྱས་ནས་སྤྱི་བདེ་ཉེན་རྟོག་པས་རྩད་གཅོད་བྱས། ཁོ་པའི་ཁྲག་ནང་གི་ཆང་བཅུད་འདུས་ཚད་217.17mg/100mlཟིན་ཡོད།།

2.边某犯危险驾驶罪一案。2023年6月某日,边某醉酒驾驶机动车被警务站巡逻民警查获,其血液酒精含量达到184.15mg/100ml。

 ༢ ༽སྤེན་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་པའི་ཉེས་གསོག་གྱོད་གཞི། ༢༠༢༣ལོའི་ཟླ་༦ཉིན་ཞིག་ལ་སྤེན་ཆེ་གེ་མོས་ར་བཟི་ནས་རླངས་འཁོར་བཏང་བ་དང་ཉེན་རྟོག་ས་ཚིགས་ཀྱི་སྐོར་གཡེང་ཉེན་རྟོག་པས་རྩོད་གཅོད་བྱས། ཁོ་པའི་ཁྲག་ནང་གི་ཆང་འཅུད་འདུས་ཚད་184.15mg/100mlཟིན་ཡོད།། 

【法院判决】ཁྲིམས་ཁང་གི་དཔྱད་མཚམས།

1.张某犯危险驾驶罪一案。法院判决被告人张某犯危险驾驶罪,判处拘役三个月缓刑四个月,并处罚金1000元。

༡ ༽ཀྲང་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་པའི་ཉེས་བསགས་གྱོད་གཞིར་ཁྲིམས་ཁང་གིས་དཔྱད་མཚམས་བཏང་དོན། གྱོད་ཡ་ཀྲང་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་གསུམ་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་བཞི་གཅོད་རྒྱུ་དང་སྦྲགས། དངུལ་ཆད་སྒོར་༡༠༠༠གཅོད་རྒྱུ།།

2.边某犯危险驾驶罪一案。法院判决被告人边某犯危险驾驶罪,判处拘役二个月缓刑三个月,并处罚金1000元。

༢ ༽སྤེན་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་པའི་ཉེས་བསགས་གྱོད་གཞིར་ཁྲིམས་ཁང་གིས་དཔྱད་མཚམས་བཏང་དོན། གྱོད་ཡ་སྤེན་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་གཉིས་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་གསུམ་གཅོད་རྒྱུ་དང་སྦྲགས། དངུལ་ཆད་སྒོར་༡༠༠༠གཅོད་རྒྱུ།།

【当庭释法】ཁྲིམས་ལུགས་སློབ་གསོ།

两起案件庭审结束后,法官向旁听人员讲解有关法规,对被告人犯罪原因进行深刻分析,当庭开展“以案释法”“以案示警”,增强司法案例的警示引导作用,教育相关人员积极遵守交通法规,杜绝走上违法犯罪的道路。

གྱོད་གཞི་གཉིས་ལ་འདྲི་གཅོད་བྱས་རྗེས། ཁྲིམས་དཔོན་གྱིས་ཟུར་ཉན་མི་སྣར་འབྲེལ་ཡོད་ཁྲིམས་ལུགས་འགྲེལ་བཤད་བྱས་ཤིང་། གྱོད་ཡའི་ཉེས་གསོག་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཁྲིམས་རའི་ཐོག་ཁྲིམས་ལུགས་སློབ་གསོ་དང་ཉེན་སྟོན་སློབ་གསོ་སྤེལ་བ་དང་། ཁྲིམས་འཛིན་གྱོད་གཞིའི་ཉེན་སྟོན་དང་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་མི་སྣར་འགྲིམ་འགྲུལ་གཏན་འབེབས་བརྩི་སྲུང་ཞུ་དགོས་པ་དང་ཉེས་གསོག་ལམ་བུར་སྐྱོད་མི་རུང་བའི་སློབ་གསོ་ཟབ་མོ་བརྒྱབ་པ་རེད།།

【适用法条】ཁྲིམས་ལུགས་སྤྱད་མཐུད།

《中华人民共和国刑法》第一百三十三条第一款、第五十二条、第五十三条、第六十七条第三款、第七十二条、第七十三条第一款、第三款;

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་སུམ་ཅུ་སོ་གསུམ་གྱི་དོན་ཆུང་དང་པོ། དོན་ཚན་ལྔ་བཅུ་ང་གཉིས། དོན་ཚན་ལྔ་བཅུ་ང་གསུམ། དོན་ཚན་དྲུག་ཅུ་རེ་བདུན་གྱི་དོན་ཆུང་གསུམ་པ། དོན་ཚན་བདུན་ཅུ་དོན་གཉིས། དོན་ཚན་བདུན་ཅུ་དོན་གསུམ་གྱི་དོན་ཆུང་དང་པོ། དོན་ཆུང་གསུམ་པ།

《最高人民法院 最高人民检察院 公安部关于办理醉酒驾驶机动车刑事案件适用法律若干问题的意见》第一条、第四条;

《ཆེས་མཐོའ་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་ཡིས་ར་བཟི་ནས་འཁོར་རིགས་བཏང་བའི་ཉེས་དོན་གྱོད་གཞིར་ཁྲིམས་ལུགས་སྤྱད་མཐུད་སྐོར་གྱི་བསམ་འཆར》གྱི་དོན་ཚན་དང་པོ། དོན་ཚན་བཞི་པ།

《中华人民共和国刑事诉讼法》第十五条。

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ།


 

责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网