近日,拉孜县人民法院结合正在如火如荼开展的学习贯彻习近平新时代中国特色社会主义思想主题教育,加强为民办实事,开展案件当事人回访调研专项活动,走访困难当事人,在上海和拉孜之间牵起了一座相隔5000公里的民族团结爱心桥。
ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་སྤེལ་དང་སྤེལ་བཞིན་ཡོད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློའི་བརྗོད་དོན་གཙོ་བའི་སློབ་སྦྱོང་ལག་ལེན་དང་འབྲེལ་ཏེ། དམངས་ཆེད་དངོས་དོན་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་དོ་བདག་ལ་ཕྱིར་མཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་བ་དང་། དཀའ་ངལ་ལྡན་པའི་དོ་བདག་ལ་མཚམས་འདྲི་བྱས་པ་བརྒྱུད། ཧྲང་ཧེ་དང་ལྷ་རྩེའི་དབར་སྤྱི་ལེ་༥༠༠༠བརྒལ་བའི་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེའི་ཟམ་པ་ཞིག་བཙུགས་ཡོད།།
罗布旺堆法官在走访调研时发现,3名学生因父母分家、离婚、服刑等种种原因等造成上学困难,法官当即送去米面等慰问品,并联合国浩律师(拉孜)事务所联系到上海交通银行李冠萍同志等三名爱心人士资助3名学生,3名爱心人士自愿资助3名学生直到大学毕业。
ཁྲིམས་དཔོན་ནོར་བུ་དབང་འདུས་ཀྱིས་མཚམས་འདྲི་དང་བརྟག་དཔྱད་བྱེད་སྐབས་སློབ་མ་༣ཕ་མ་ཁ་བྲལ་དང་ཁྱིམ་ཚང་ཁག་བགོས། ཉེས་ཁྲིམས་ཕོག་པ་སོགས་ཀྱི་རྐྱེན་གྱིས་སློབ་གྲྭ་འགྲིམ་དཀའ་བའི་དཀའ་ངལ་ཐུག་པ་ཤེས་རྟོགས་བྱུང་། ཁྲིམས་དཔོན་གྱིས་ལམ་སང་འབྲས་གྲོ་ཞིབ་སོགས་པའི་མཚམས་འདྲིའི་དངོས་རྫས་བསྐྱལ་བ་དང་། འགོ་ཧོའོ་ཁྲིམས་རྩོད་ལྷ་རྩེའི་ལས་དོན་ཁང་དང་མཉམ་འབྲེལ་བྱས་ཏེ། ཧྲང་ཧེའི་འགྲིམ་འགྲུལ་དངུལ་ཁང་གི་བློ་མཐུན་ལི་ཀོན་ཕིང་བཅས་པའི་གཅེས་སེམས་མི་སྣ་༣ལ་འབྲེལ་བ་བྱས་པ་དང་། ཁོང་གསུམ་པོས་སློབ་མ་༣ལ་དཔལ་འབྱོར་རོགས་སྐྱོར་སློབ་ཆེན་མ་ཐོན་བར་བྱེད་རྒྱུའི་ཁས་ལེན་བྱས་པ་རེད།།
10月11日,为更好传递爱心,李冠萍不远万里,从上海到拉孜看望3名资助对象,向他们送去了大米等生活用品。这不仅仅是一次简单的探望,更是一次深情的传递。他们跨越了五千公里的距离,将汉族和藏族之间的情谊深深地刻在了这3个孩子的心中。这份浓厚的感情,就像一座美丽的桥,把五千公里的距离连接了起来,让汉族和藏族的心灵紧紧相连。
ཟླ་༡༠ཚེས་༡༡ཉིན། གཅེས་སེམས་འདི་དངོས་སུ་སློབ་བུའི་ལག་ཐོག་ཏུ་སྤྲོད་པའི་ཆེད་དུ། ལི་ཀོན་ཕིང་གིས་ལམ་ཐག་ལེ་དབར་ཁྲི་ཕྲག་གི་དཀའ་ངལ་ལ་མི་འཛེམ་པར་ཧྲང་ཧེ་ནས་ལྷ་རྩེར་ཕེབས་ཏེ་རོགས་སྐྱོར་བྱ་ཡུལ་གསུམ་ལ་ལྟ་བར་ཡོང་ཞིང་། ཁོ་ཚོར་འབྲས་སོགས་པའི་འཚོ་བའི་སྤྱོད་རྫས་སྤྲད་པ་རེད། ཐུག་འཕྲད་དེ་ནི་སྤྱི་བཏང་བ་ཞིག་མ་ཡིན་ཏེ། དེ་ནི་གཅེས་སེམས་ཟབ་མོ་བརྒྱུད་སྤྲོད་བྱེད་པའི་མཛའ་བརྩེའི་བྱ་སྤྱོད་ཅིག་ཡིན། ཁོ་ཚོས་སྤྱི་ལེ་༥༠༠༠གི་བར་ཐག་བརྒལ་ཏེ། རྒྱ་རིགས་དང་བོད་རིགས་དབར་གྱི་མཛའ་བརྩེ་རྡོ་ལ་རི་མོ་བརྐོས་པ་བཞིན་ཕྲུག་གུ་༣པོའི་སེམས་གཏིང་ལ་བག་ཆགས་བཞག་ཡོད། མཛའ་བརྩེ་འདི་ནི་མཇེས་ཤིང་སྡུག་པའི་ཟམ་པ་ཆེན་པོ་ཞིག་དང་འདྲ་བར་སྤྱི་ལེ་ལྔ་སྟོང་གི་བར་ཐག་མཉམ་དུ་འབྲེལ་ནས་རྒྱ་རིགས་དང་བོད་རིགས་ཀྱི་སེམས་པ་དམ་པོར་འབྲེལ་དུ་བཅུག་ཡོད།།
身处主题教育的浪潮中,拉孜县人民法院为民办实事、为民司法的信心更加坚定、举措更加有力。下一步,拉孜县法院将进一步利用和发掘主题教育的“深层价值”,将其作为推动法院工作不断前进的重要动力,积极探索和实践如何更好地为人民服务,为社会和谐稳定作出更大的贡献。
གཙོ་དོན་སློབ་གསོའི་རྦ་རླབས་ཀྱི་ཁྲོད་དུ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་ཆེད་དངོས་དོན་སྒྲུབ་རྒྱུ་དང་དམངས་ཆེད་ཁྲིམས་འཛིན་བྱ་རྒྱུའི་ཆོད་སེམས་སྔར་ལས་བརྟན་ཞིང་ལས་ཐབས་སྔར་ལས་ནུས་ཤུགས་ལྡན། སླད་ཕྱིན་ཆད་དུ་ལྷ་རྩེ་ཁྲིམས་ཁང་གིས་མུ་མཐུད་གཙོ་དོན་སློབ་གསོའི་ཕན་ནུས་འདོན་སྤེལ་བྱས་ཏེ། དེ་ཉིད་ཁྲིམས་ཁང་ལས་དོན་རྒྱུུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུའི་གལ་ཆེའི་འགུལ་ཤུགས་སུ་བརྩིས་ནས། མི་དམངས་ལ་གང་འདྲ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུ་བྱེད་དགོས་པའི་ཐད་དང་། སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་ལ་སྔར་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐབས་ཐད་ལ་འཚོལ་ཞིབ་དང་ལག་ལེན་བྱེད་རྒྱུ་ཡིན།།།།