当前位置: 首页 > 新闻中心 > 法院新闻
执行“终本”不等于“全剧终”
  发布时间:2023-10-13 21:11:20 打印 字号: | |

近日,拉孜县人民法院依法恢复一起终结本次执行程序案件,用时2天执行到位10万余元,以执行完毕方式执结该案。

ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ད་ཐེངས་ལག་བསྟར་མཚམས་འཇོག་བྱས་པའི་གྱོད་གཞི་གཅིག་ལག་བསྟར་སླར་གསོ་བྱས་ནས་ཉིན་༢སྤྱད་དེ་ལག་བསྟར་བྱས་ཚར་བ་དང་དངུལ་སྒོར་༡༠༥༦༣༣ལག་བསྟར་ཐུབ་ཡོད།།   

简要案情:

欧某与桑某劳务合同纠纷一案,进入强制执行后法院穷尽财产调查措施,未发现被执行人桑某任何可供执行财产后以终本方式结案。案件终本后,执行法官对线下掌握的线索进行初步核实后,跋涉一千公里前往阿里地区札达县对相关线索进行了进一步核实调查,并依法对被执行人涉案工程款进行了冻结、划拨。最终,在协助单位某养护段的积极配合下,案件得以顺利执结,胜诉当事人欧某的全部权益得到兑现。

གྱོད་དོན་མདོར་བསྡུས།

དངོས་ཆེ་གེ་མོ་དང་བཟང་ཆེ་གེ་མོའི་དབར་གྱི་ངལ་རྩོལ་གན་རྒྱའི་རྩོད་གཞི་དེ་ཁྲིམས་ཁང་གིས་བཙན་ཤེད་ལག་བསྟར་བྱས་རྗེས་བཟང་ཆེ་གེ་མོའི་རྒྱུ་ནོར་ལ་བརྟག་དཔྱད་རྫོགས་ཚད་བྱས་ཀྱང་ལག་བསྟར་བྱ་ཐུབ་པའི་རྒྱུ་ནོར་གང་ཡང་མ་བརྙེད། གྱོད་གཞི་ལག་བསྟར་མཚམས་འཇོག་བྱས་རྗེས། ལག་བསྟར་ཁྲིམས་དཔོན་གྱིས་ཤེས་རྟོག་བྱུང་བའི་ཁུངས་སྣེར་ཞིབ་དཔྱད་དང་པོ་བྱས་རྗེས། སྤྱི་ལེ་སྟོང་གི་ལམ་ཐག་བསྐྱོད་ནས་མངའ་རིས་ས་གནས་རྩ་མདའ་རྫོང་དུ་བསྐྱོད་དེ་ཞིབ་ཕྲའི་བརྟག་དཔྱད་བྱས་ནས་ཁྲིམས་ལྟར་ལག་བསྟར་བྱ་ཡུལ་གྱི་གྱོད་འབྲེལ་ལས་གྲྭའི་དངུལ་དེ་བཀག་འདོམས་བྱས་ཤིང་བཙན་སྒྱུར་བྱས། མཐར་གཞོགས་འདེགས་ཚན་པའི་རོགས་རམ་འོག་གྱོད་དོན་དེ་བདེ་བླག་ངང་ལག་བསྟར་མཇུག་སྒྲིལ་ཏེ་ཞུ་གཏུག་ཐོབ་མཁན་ཀྱི་ཁེ་དབང་ཚང་མ་མངོན་འགྱུར་བྱུང་ཡོད།

 

法官说法:

 “终本”是指人民法院依法受理的执行案件,由于被执行人无可供执行财产,依法按情形作出失信、限制高消费等惩戒措施后裁定终止本次执行的程序。按照《最高人民法院关于严格规范终结本次执行程序的规定》,执行案件“终本”后,人民法院在五年内每隔六个月启动线上财产调查,人民法院或申请执行人一旦发现被执行人可供执行财产并核查属实后,依职权或者依申请恢复强制执行。“终本”不等于“全剧终”,应当履行的法律义务必须履行到位。下一步,拉孜县人民法院将紧紧围绕“公正与效率”永恒主题,秉持能动司法理念,将“案结事了、政通人和”作为每一起司法案件的办案原则和最终目的,以“水滴石穿”的韧劲和“不破楼兰终不还”的拼劲办好每一起执行案件,让司法权威得到坚决维护、群众权益得到切实保障。

ཁྲིམས་དཔོན་གྱིས་ཁྲིམས་གླེང་བ།

ད་ཐེངས་ལག་བསྟར་མཚམས་འཇོག་ཅེས་པ་ནི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་བདག་སྤྲོད་བྱས་པའི་ལག་བསྟར་གྱོད་གཞིར། ལག་བསྟར་བྱ་ཡུལ་ལ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་མེད་པར་ཁྲིམས་ལྟར་གནས་ཚུལ་ལ་གཞིགས་ཏེ་ཡིད་རྟོན་ཤོར་བ་དང་ཚད་མཐོའི་རྫས་སྤྱོད་བཀག་འདོམས་སོགས་པའི་ཆད་གཅོད་བསྟར་རྗེས། ཁྲུན་གཅོད་བཏང་ནས་ད་ཐེངས་ཀྱི་ལག་བསྟར་མཚམས་འཇོག་བྱེད་པའི་གོ་རིམ་ལ་གོ །《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ད་ཐེངས་ལག་བསྟར་མཚམས་འཇོག་གོ་རིམ་ལ་ནན་ཏན་ངང་ཚད་ལྡན་བྱ་ཆེད་ཀྱི་གཏན་འབེབས》གཞིར་བཟུང་། དེ་ཐེངས་ལག་བསྟར་མཚམས་འཇོག་བྱས་རྗེས་མི་དམངས་ཁྲིམས་ཁང་གིས་ལོ་ལྔའི་ནང་ཟླ་དྲུག་རེར་དྲྭ་ཐོག་ནས་རྒྱུ་ནོར་ལ་བརྟག་དཔྱད་བྱེད་པ་དང་། མི་དམངས་ཁྲིམས་ཁང་ངམ་ཡང་ན་ལག་བསྟར་རེ་ཞུ་མཁན་གྱིས་ལག་བསྟར་བྱ་ཡུལ་ལ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་ཡོད་པ་ཤེས་པ་དང་ཞིབ་དཔྱད་བྱས་ནས་དོན་དངོས་ཡིན་ཚེ། འགན་དབང་ངམ་ཡང་ན་ལག་བསྟར་རེ་ཞུ་བཞིན་ལག་བསྟར་གྱོད་གཞི་སླར་གསོ་བྱེད་ཆོག ད་ཐེངས་ལག་བསྟར་མཚམས་འཇོག་ནི་འཁྲབ་ཚན་ཧྲིལ་པོའི་མཇུག་སྒྲིལ་ལེ་ཚན་ལྟ་བུ་མིན་ཏེ། སྒྲུབ་དགོས་པའི་ཁྲིམས་འཁོད་འོས་འགན་དག་ངེས་པར་དུ་ལེགས་སྒྲུབ་བྱ་དགོས།   སླད་ཕྱིན་ཆད་དུ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ “དྲང་གཞག་དང་ལས་ཆོད” ཀྱི་རྟག་བརྟན་བརྗོད་དོན་ལ་དམིགས་ཏེ་རང་ནུས་ཁྲིམས་འཛིན་འདུ་ཤེས་འཛིན་ནས།  ཆད་མེད་ཐིགས་པས་རྡོ་ཡང་ཕུག་པ་ལྟ་བུའི་སེམས་ཤུགས་དང་། ནམ་ཡངས་བློས་མི་གཏོང་བའི་སྙིང་སྟོབས་ཀྱིས་ཁྲིམས་འཛིན་དབང་གྲགས་ལ་སྲུང་སྐྱོང་དང་མང་ཚོགས་ཁེ་དབང་ལ་འགན་སྲུང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།།།།


 
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网