作为法院构建多元化纠纷解决机制的有效途径之一,能很好地将矛盾化解在萌芽状态,从源头上减少社会矛盾,减少诉讼纠纷。近年来,拉孜县人民法院秉持能动司法理念,坚持和发展新时代“枫桥经验”,用足用好用实诉前委派调解等多元解纷机制,促进矛盾纠纷源头化解、实质化解,取得了良好成效。
ཁྲིམས་ཁང་གིས་སྣེ་མང་རྩོད་ཞི་ལམ་ལུགས་འཛུགས་ཆེད་ཀྱི་ནུས་ལྡན་ཐབས་ལམ་ཞིག་ཡིན་པའི་ངོ་ནས། དེས་འགལ་ཟླ་དག་སོན་རྩ་ལྟ་བུའི་དུས་ནས་སེལ་ཏེ། སྤྱི་ཚོགས་འགལ་ཟླ་འབྱུང་ཁུངས་ནས་ཉུང་དུ་གཏོང་ཐུབ་ལ། གཏུག་བཤེར་རྩོད་གཞི་ཡང་ཇེ་ཉུང་དུ་གཏོང་ཐུབ། ཉེ་བའི་ལོ་ཤས་རིང་། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་རང་ནུས་ཁྲིམས་འཛིན་འདུ་ཤེས་འཛིན་ཏེ། དུས་རབས་གསར་པའི་ཧྥང་ཇོའི་ཉམས་མྱོང་ལ་བརྒྱུད་འཛིན་དང་དར་སྤེལ་བཏང་ནས། གཏུག་བཤེར་སྔོན་གྱི་འདུམ་འགྲིག་མངག་གཏོང་སོགས་པའི་སྣེ་མང་རྩོད་ཞི་ལམ་ལུགས་བེད་སྤྱོད་གང་ལེགས་བྱས་པས། འགལ་ཟླ་དང་རྩོད་གཞི་འབྱུང་ཁུངས་ནས་སེལ་བ་དང་དོན་དངོས་ཐོག་སེལ་བྱའི་ཐད་ལ་ཕན་འབྲས་ལེགས་པོ་ཐོན་ཡོད།།
10月18日
ཟླ་བ་༡༠ཚེས་༡༨ཉིན་
拉孜法院诉讼服务中心
ལྷ་རྩེ་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་
受理一件买卖合同纠纷案件后
ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་བདག་སྤྲོད་བྱས་རྗེས་
考虑到此案争议不大、标的较小
རྩོད་གཞི་དང་དམིགས་བྱ་ཆེན་པོ་མེད་པར་བརྟེན་
经当事人同意后
དོ་བདག་གི་མོས་མཐུན་ཐོབ་རྗེས་
将该案委派给了
གྱོད་གཞི་དེ་ཆེད་འདྲེན་འདུམ་འགྲིག་པར་སྤྲད་པ་དང་
特邀调解员开展诉前调解
འདུམ་འགྲིག་པས་
特邀调解员通过
མི་དམངས་ཁྲིམས་ཁང་འདུམ་འགྲིག་སྟེགས་བུ་
“人民法院调解平台”组织调解
བརྒྱུད་ནས་འདུམ་འགྲིག་གཙོ་སྐྱོང་བྱས་
当天就促使双方当事人在线上达成调解
ཉིན་དེ་རང་ལ་དོ་བདག་ཕྱོགས་གཉིས་དབར་གྲོས་དན་བྱུང་ཞིང་
并完成1650元标的款的即时履行
སྒོར་༡༦༥༠དམིགས་བྱའི་དངུལ་དེ་རང་སར་འཇལ་སྤྲོད་བྱུང་ཡོད།།
高效、即时、便捷的诉前调解服务不仅减轻了群众诉累,还达到诉源治理的深层次目标,起到了节约司法资源的良好效果。
ལས་ཆོད་མཐོ་ལ་དུས་ཐོག་དང་སྟབས་བདེ་བའི་གཏུག་སྔོན་འདུམ་འགྲིག་ཞབས་ཞུས་མང་ཚོགས་ཀྱི་གཏུག་བཤེར་དཀའ་ངལ་ཡང་དུ་བཏང་ཡོད་ལ། གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་གི་དམིགས་ཡུལ་ཡང་གྲུབ་ཡོད་པ་མ་ཟད། ཁྲིམས་འཛིན་སྟོབས་ཤུགས་གྲོན་ཆུང་བྱེད་པའི་ཕན་འབྲས་ཡང་ཐོན་ཡོད།།
法官说法ཁྲིམས་དཔོན་གྱིས་ཁྲིམས་གླེང་བ།
一、什么是诉前调解?
གཅིག །གང་འདྲ་ཞིག་ལ་གཏུག་སྔོན་འདུམ་འགྲིག་ཟེར་ཞེ་ན།
诉前调解即为发生在诉讼前的调解,是当事人在提起诉讼后,法院立案受理前,法院综合考量案件性质及当事人情况等因素,引导当事人自愿选择纠纷解决非诉渠道,通过委派调解员或者调解组织在“人民法院调解平台”上依法进行登记和调解的一项灵活高效进行纠纷实质性化解的制度。
གཏུག་སྔོན་འདུམ་འགྲིག་ནི་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱས་པ་སྟེ། དོ་བདག་གིས་གཏུག་བཤེར་རེ་ཞུ་བཏོན་རྗེས། ཁྲིམས་ཁང་གི་གྱོད་ཐོ་འགོད་པའི་སྔོན་ལ། ཕྱོགས་བསྡུས་ངང་གྱོད་གཞིའི་ངོ་བོ་དང་དོ་བདག་གི་གནས་ཚུལ་སོགས་ལ་བསམ་གཞིགས་བྱས་རྗེས། དོ་བདག་རང་མོས་ཐོག་གཏུག་བཤེར་མིན་པའི་རྩོད་སེལ་ཐབས་ལམ་འདེམས་དུ་བཅུག་སྟེ། འདུམ་འགྲིག་རྩ་འཛུགས་སམ་འདུམ་འགྲིག་པས་མི་དམངས་ཁྲིམས་ཁང་འདུམ་འགྲིག་སྟེགས་བུ་བརྒྱུད་ནས་ཁྲིམས་ལྟར་ཐོ་འགོད་བྱེད་པ་དང་འདུམ་འགྲིག་སྤེལ་བའི་སྟབས་བདེ་ཞིང་ལས་ཆོད་མཐོན་པོའི་སྒོ་ནས་རྩོད་གཞི་དོན་དངོས་ཐོག་སེལ་ཐབས་བྱེད་པའི་ལམ་ལུགས་ཤིག་ཡིན།
二、诉前调解有法律效力吗?
གཉིས། གཏུག་སྔོན་འདུམ་འགྲིག་ལ་ཁྲིམས་ཀྱི་ནུས་པ་ལྡན་ནམ་ཞེ་ན།
诉前调解有法律效力,经法院调解所达成的调解协议,对协议双方具有约束力,对于调解成功的案件,通过“诉前调确”出具的民事裁定书或通过“诉前调书”出具的民事调解书与其他裁判文书一样具有强制执行力。经调解达成调解协议能够即时履行的,当场履行完毕后案件了结;不能够即时全面履行需要延后或分期履行的,达成调解协议后可申请司法确认或申请出具调解书,一方当事人如果拒绝履行或者未全部履行的,对方当事人可以向法院申请强制执行。
གཏུག་སྔོན་འདུམ་འགྲིག་ལ་ཁྲིམས་ཀྱི་ནུས་པ་ལྡན་ཏེ། ཁྲིམས་ཁང་གིས་འདུམ་འགྲིག་བྱས་པ་བརྒྱུད་བཞག་པའི་གྲོས་དན་དེས། གྲོས་དན་འཇོག་མཁན་ཡོངས་ལ་གཅུན་ནུས་ལྡན། འདུམ་འགྲིག་བྱུང་བའི་གྱོད་གཞིར། གཏུག་སྔོན་འདུམ་འགྲིག་ངོས་འཛིན་བྱས་པ་བརྒྱུད་བཏོན་པའི་དམངས་དོན་ཁྲུན་ཁྲར་རམ། གཏུན་སྔོན་འདུམ་ཡིག་གོ་རིམ་བརྒྱུད་བཏོན་པའི་དམངས་དོན་འདུམ་ཁྲར་ཁྲུན་གཅོད་ཡིག་རིགས་གཞན་དང་གཅིག་མཚུངས་ཀྱི་བཙན་ཤེད་ལག་བསྟར་ནུས་པ་ལྡན། འདུམ་འགྲིག་བྱས་པ་བརྒྱུད་རང་སར་འཇལ་སྤྲོད་བྱེད་ཐུབ་པའམ་དུས་བགོས་འཇལ་སྤྲོད་བྱེད་དགོས་པར། གྲོས་དན་བཞག་རྗེས་ཁྲིམས་འཛིན་ངོས་འཛིན་ནམ་འདུམ་ཁྲ་འདོན་པའི་རེ་ཞུ་བཏོན་ཆོག །དོ་བདག་ཕྱོགས་གཅིག་གིས་འཇལ་སྤྲོད་མི་བྱེད་པའམ་ཆ་ཚང་འཇལ་སྤྲོད་མི་བྱེད་ཚེ། དོ་བདག་གཞན་དེས་ཁྲིམས་ཁང་ལ་བཙན་ཤེད་ལག་བསྟར་གྱི་རེ་ཞུ་འདོན་ཆོག །།།