近日,拉孜县人民法院开庭审理并当庭宣判一起危险驾驶罪案,被告人落某获刑拘役四个月缓刑五个月。
༢༠༢༣ལོའི་ཟླ་༡༡ཚེས་༡༤ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་གསོག་གྱོད་གཞི་ཞིག་ལ་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་ཤིང་དཔྱད་མཚམས་བཏང་། གྱོ་ཡ་བློ་ཆེ་གེ་མོར་བཙན་ཉར་ལས་སྐུལ་ཟླ་བ་བཞིན་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་ལྔའི་ཁྲིམས་ཆད་ཕོག་པ་རེད།།
【案情简要】གྱོད་དོན་མདོར་བསྡུས།
2023年7月3日,被告人落某醉酒驾驶两轮摩托车前往县城途中,与相向行驶的小型轿车发生碰撞造成两车不同程度损坏的道路交通事故。经鉴定,被告人落某血液中的乙醇含量为311.66mg/100ml,属于醉酒驾驶。
༢༠༢༣ལོའི་ཟླ་༧ཚེས་༣ཉིན་ལ་གྱོད་ཡ་བློ་ཆེ་གེ་མོས་ར་བཟི་རྗེས་འཁོར་གཉིས་སྦག་སྦག་བཏང་ནས་རྫོང་གྲོང་ལ་བསྐྱོད་པའི་ལམ་བར་དུ་རླངས་འཁོར་ཆུང་གྲས་ཤིག་དང་རྡུང་ཁ་ཤོར་ནས་ཕྱོགས་གཉིས་པོའི་འཕྲུལ་འཁོར་ལ་ཆག་སྐྱོན་ཚབས་མི་འདྲ་བ་ཕོག་པའི་འགྲིམ་འགྲུལ་ཆག་སྒོ་ལྷག་པ་དང་། ཆོད་བསྡོམས་བྱས་པ་བརྒྱུད་གྱོད་ཡ་བློ་ཆེ་གེ་མོའི་ཁྲག་ནང་གི་ཆང་རྒྱུའི་འདུས་ཚད311.66mg/100mlཟིན་ཡོད་པས་ར་བཟི་ནས་འཁོར་རིགས་བཏང་པའི་ཁོངས་སུ་གཏོགས།།
【裁判结果】འདྲི་གཅོད་འབྲས་བུ།
法院判决被告人落某犯危险驾驶罪,判处拘役四个月缓刑五个月,并处罚金人民币二千元。
ཁྲིམས་ཁང་གིས་གྱོད་ཡ་བློ་ཆེ་གེ་མོས་ཉེན་ཁའི་སྒོ་ནས་འཁོར་རིགས་བཏང་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་བཞི་དང་ཁྲིམས་ཆད་འགྱངས་གཅོད་ཟླ་བ་ལྔ་གཅོད་རྒྱུ་དང་སྦྲགས་དངུལ་ཆད་དམངས་སྒོར་ཉིས་སྟོང་གཅོད་རྒྱུའི་དཔྱད་མཚམས་བཏང་བ་རེད།།
【法官提醒】ཁྲིམས་དཔོན་གྱིས་དྲན་སྐུལ་ཞུ་དོན།
醉驾并非只限于汽车,摩托车、农用运输车辆均属于机动车,醉酒驾驶同样要受到相应的刑事处罚。为了您和他人的生命安全,切勿心存侥幸。要严格遵守交通法律法规,安全文明驾驶,真正做到“喝酒不开车、开车不喝酒”
ར་བཟི་ནས་འཁོར་རིགས་བཏང་བ་ཞེས་པ་ནི་རླངས་འཁོར་གཅིག་པོར་གོ་བ་མ་ཡིན་ཏེ། སྦག་སྦག་དང་ཞིང་སྤྱོད་དབོར་འདྲེན་འཁོར་རིགས་སོགས་འཕྲུལ་འགུལ་འཁོར་རིགས་ཁོངས་སུ་ཚུད་ཡོད་སྟབས། ར་བཟི་རྗེས་འཁོར་རིགས་དེ་ཚོ་བཏང་ཚེ་ཉེས་དོན་གྱི་ཆད་པ་འདྲ་འདྲ་ཕོག་གི་རེད། སྐུ་ཉིད་དང་མི་གཞན་གྱི་འཚེ་སྲོག་བདེ་འཇགས་ཀྱི་ཆེད་དུ་ངེས་པར་དུ་སྟེས་དབང་གི་བསམ་བློ་སྤོང་ཏེ། འགྲིམ་འགྲུལ་ཁྲིམས་སྲོལ་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ནས། བདེ་འཇགས་དང་ཡ་རབས་ཐོག་འཁོར་རིགས་བཏང་སྟེ། དོན་ངོ་མའི་ཐོག་ནས་ཆང་བཏུང་རྗེས་འཁོར་རིགས་མི་གཏོང་བ་དང་འཁོར་རིགས་བཏང་ཚེ་ཆང་མི་འཐུང་བ་མངོན་འགྱུར་ཡོང་བ་བྱེད་དགོས།།
【适用法条】ཁྲིམས་ལུགས་སྤྱད་འཐུས།
《中华人民共和国道路交通安全法》第九十一条;《中华人民共和国刑法》第一百三十三条之一。
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དོན་ཚན་དགུ་བཅུ་གོ་གཅིག་དང་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་བརྒྱ་དང་སུམ་བཅུ་སོ་གསུམ་གྱི་དང་པོ།