“这笔劳务工资我们等了四年,终于不用愁还信用贷款的事了。法官,谢谢!”2023年11月21日,拉孜县人民法院执行团队依法执结2起劳务合同纠纷案件,向申请执行人落某等4人兑现劳务工资10万余元。至此,他们结束了历时四年的追薪之路,带着满意的微笑走出了法院。
ལག་བསྟར་རེ་ཞུ་བྱེད་མཁན་བློ་ཆེ་གེ་མོས། “ང་ཚོས་ངལ་ནུས་གླ་ཆ་དེ་དག་ལོ་བཞི་ལྷག་ཙམ་བསྒུགས་རྗེས་ད་གཞི་ནས་རག་བྱུང་། ལོ་མཇུག་གི་ཡིད་རྟོན་དངུལ་བུན་འཇལ་རྒྱུར་སེམས་ཁྲལ་བྱེད་དགོས་བྱུང་མ་སོང་། ཁྲིམས་དཔོན་ལགས། ཐུགས་རྗེ་ཆེ”ཞེས་བཤད། 2023ལོའི་ཟླ11ཚེས་21ཉིན་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཚོགས་ཆུང་གིས་ཁྲིམས་ལྟར་ངལ་ནུས་གན་རྒྱའི་གྱོད་གཞི2ཐག་གཅོད་བྱས་ནས་ལག་བསྟར་རེ་ཞུ་མཁན་བློ་ཆེ་གེ་མོ་སོགས་མི་བཞི་ལ་ངལ་ནུས་གླ་ཆ་སྒོར་ཁྲི10ལྷག་ཙམ་སྤྲད་པས། བློ་ཆེ་གེ་མོ་སོགས་མི་བཞི་ཡི་ལོ་བཞིའི་ངལ་ནུས་གླ་ཆ་ལེན་པའི་ལམ་བུ་མཇུག་འགྲིལ་ནས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར་བཞིན་དུ་ཁྲིམས་ཁང་ནས་ཕྱིར་བསྐྱོད་པ་རེད།
案情简要:གྱོད་དོན་མདོར་བསྡུས།
2020年3月,落某等4名申请执行人为被执行人达某承包的某机场附属工程项目提供劳务服务,并约定待工程竣工后结算劳务工资。因落某等4人多次追薪未果,无奈之下走上了诉讼之路并达成调解。后期因疫情等因素被执行人达某未能依约履行生效裁判文书确定的义务。案件进入执行程序后,执行法官多次不远千里赶赴阿里等地,查找被执行人达某并依法向其告知执行风险。被执行人始终积极配合并请求法官给予一定期限筹款。达某承诺的期限届满后,他主动来到法院并依法履行全部义务,案件得以圆满执结。
2020ལོའི་ཟླ3པར་ལག་བསྟར་རེ་ཞུ་མཁན་བློ་ཆེ་གེ་མོ་སོགས་མི་བཞི་ཡིས་ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོས་འགན་གཙང་བླངས་པའི་གནམ་ཐང་ཞིག་གི་ཞོར་གཏོགས་ལས་གྲྭའི་རྣམ་གྲངས་ལ་ངལ་ལས་ཞབས་ཞུ་བྱས་པ་མ་ཟད། ལས་གྲྭ་མཇུག་འགྲིལ་རྗེས་ངལ་ལས་ཀྱི་གླ་ཆ་རྩིས་རྒྱག་རྒྱུའི་ཁ་ཆད་ཀྱང་བྱས་པ་རེད། མཐར་ལག་བསྟར་རེ་ཞུ་མཁན་བློ་ཆེ་གེ་མོ་སོགས་མི་བཞི་པོས་ངལ་ནུས་གླ་ཆ་ལེན་མ་ཐུབ་པར་གཏུག་བཤེར་གྱི་ལམ་དུ་ཞུགས་དགོས་བྱུང་བ་མ་ཟད་ཁྲིམས་ཁང་དུ་འདུམ་འགྲིག་བྱུང་ཡོད། དེའི་རིང་ཏོག་གསར་རིམས་ནད་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོས་ཁ་ཆད་ལྟར་ནུས་ཐོན་གྱི་ཁྲིམས་གཅོད་ཡིག་རིགས་ཀྱི་འོས་འགན་ལག་བསྟར་བྱེད་ཐུབ་མེད། གྱོད་གཞི་དེ་ལག་བསྟར་གོ་རིམ་ནང་ཞུགས་རྗེས་ལག་བསྟར་ཁྲིམས་དཔོན་གྱིས་ལེ་དབར་སྟོང་གི་ཆོད་པའི་མངའ་རིས་སོགས་སུ་བསྐྱོད་དེ་ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོ་བཙལ་ནས་ཁྲིམས་ལྟར་ལག་བསྟར་ཉེན་ཁ་སོགས་གསལ་བཤད་བྱས་རྗེས། ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོས་སྔ་ཕྱི་བར་གསུམ་དུ་ལག་བསྟར་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་པ་དང་འབྲེལ་ཁྲིམས་དཔོན་ལ་གྲོན་དངུལ་གྲབས་གསོག་བྱ་རྒྱུའི་དུས་བཀག་ངེས་ཅན་ཞིག་སྤྲོད་རྒྱུའི་རེ་བ་ཡང་བཏོན་པ་རེད། དུས་ཆད་ཐིམ་རྗེས་ལག་བསྟར་ཕོག་མཁན་ཟླ་ཆེ་གེ་མོས་རང་འགུལ་ངང་ཁྲིམས་ཁང་དུ་ཡོང་བ་དང་འབྲེལ་ཁྲིམས་ལྟར་འོས་འགན་ཚང་མ་བསྒྲུབས་པས་གྱོད་གཞི་དེ་བདེ་བླག་ངང་ལག་བསྟར་བྱེད་ཐུབ་ཡོད།
法官说法:ཁྲིམས་དཔོན་གྱིས་ཁྲིམས་གླེང་བ།
被执行人收到人民法院执行通知等法律文书后,应当及时积极履行生效法律文书确定的义务。有履行能力而拒不履行、规避强制执行、拒不报告财产、辱骂威胁执行法官等行为将面临拘留、罚款、限制高消费、纳入失信名单等法律惩罚。情节严重,构成犯罪的,将面临三年以下有期徒刑、拘役或者罚金。
ལག་བསྟར་ཕོག་མཁན་ལ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བརྡ་ཐོ་སོགས་ཁྲིམས་ལུགས་ཡིག་རིགས་འབྱོར་རྗེས། ནུས་པ་ཐོན་པའི་ཁྲིམས་ལུགས་ཡིག་རིགས་ནང་གཏན་འཁེལ་བྱས་པའི་འོས་འགན་དུས་ཐོག་ཏུ་ལག་བསྟར་ཧུར་ཐག་བྱེད་དགོས། ལག་བསྟར་བྱེད་ནུས་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཙན་ཤེད་ཀྱིས་ལག་བསྟར་བྱེད་པར་གཡོལ་ཐབས་བྱེད་པ། རྒྱུ་ནོར་སྙན་ཞུ་གཏན་ནས་མི་བྱེད་པ། ཁྲིམས་དཔོན་ལ་དམའ་འབེབས་དང་འཇིགས་སྣང་སྐུལ་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་བཀག་ཉར་དང་། དངུལ་ཆད། ཆེས་མཐོའི་འཛད་སྤྱོད་ལ་ཚོད་འཛིན། ཡིད་རྟོན་ཤོར་མཁན་གྱི་མིང་ཐོའི་ནང་འཇུག་པ་སོགས་བཅའ་ཁྲིམས་ཀྱི་ཆད་པ་ཕོག་རྒྱུ་རེད་ལ། ཉེས་ཚབས་ཆེ་ཞིང་ཉེས་ཚད་ལོན་མཁན་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་ཡང་ན་དངུལ་ཆད་གཅོད་རྒྱུ་རེད།