为深入开展学习贯彻习近平新时代中国特色社会主义思想主题教育,更好地落实“学思想、强党性、重实践、建新功”的总要求,确保主题教育走向深入,取得实效,拉孜县人民法院将持续推进开门纳谏办实事活动,广泛征求人民群众意见建议,解决好人民群众最关心最直接最现实的问题,即日起,特向广大人民群众征集意见建议,真诚欢迎大家提出宝贵的意见和建议。
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱེད་པའི་གཙོ་དོན་སློབ་གསོ་གཏིང་ཟབ་ངང་སྤེལ་ཆེད་དང་། བསམ་བློ་སྦྱོང་བ་དང་ཏང་གཤིས་ཤུགས་སྣོན་རྒྱག་པ། ལག་ལེན་ལ་མཐོང་ཆེད་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱི་བླང་བྱ་དེ་བས་དོན་འཁྱོལ་ལེགས་པ་བྱས་ཏེ། གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བཞིན་དངོས་ནུས་ཐོན་པའི་ཆེད། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཟམ་མི་ཆད་པར་སྒོ་དབྱེ་བསམ་བསྡུའི་དངོས་དོན་སྒྲུབ་པའི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ཁང་ལ་བཅངས་པའི་རེ་བ་དང་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཡིན་པས། ལྷན་རྒྱས་ནས་རྩ་ཆེའི་དགུངས་འཆར་ལྷུག་སྩོལ་ཡོད་པ་མཁྱེན།།
一、征求时限
གཅིག །བསྡུ་ལེན་དུས་ཆད།
贯穿主题教育全过程,自即日起至主题教育结束。
གཙོ་དོན་སློབ་གསོ་སྤེལ་རིང་སྟེ། དེ་རིང་ནས་བཟུང་། གཙོ་དོན་སློབ་གསོ་མཇུག་མ་སྒྲིལ་བར་དུ།།
二、征求内容
གཉིས། བསྡུ་ལེན་ནང་དོན།
院领导班子和全体干警在理论学习、思想政治、干事创业、为民服务、清正廉洁等方面存在的突出问题,以及在具体案件办理过程中存在的不作为慢作为乱作为、违反廉洁司法问题、在改进作风、狠抓落实等方面的意见建议。
ཁྲིམས་ཁང་གི་འགོ་ཁྲིད་ཚོགས་པ་དང་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་རིག་གཞུང་སློབ་སྦྱོང་དང་བསམ་བློ་ཆབ་སྲིད། ལས་དོན་སྤེལ་བ། དམངས་ལ་ཞབས་འདེགས། སྲིད་གཙང་རུལ་འགོག་སོགས་པའི་ཐད་ཀྱི་འབུར་ཐོན་གནད་དོན་དང་། གྱོད་དོན་དངོས་སྒྲུབ་སྐབས་མི་ནུས་པ་མི་ལས་པ་གང་བྱུང་དུ་ལས་ཀ་བྱེད་པ། ཁྲིམས་འཛིན་སྲིད་གཙང་ལས་འགལ་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བཅས་ཀྱི་ཐད་ཀྱི་བསམ་འཆར་དང་རེ་བ་བསྡུ་ལེན་བྱ་རྒྱུ།།
三、征求形式
གསུམ། བསྡུ་ལེན་བྱ་ཐབས།
1.拨打电话。拨打诉讼服务热线“12368”或法院主题教育办公室电话0892-8323331,说出您的宝贵意见建议。
༡༽ཞལ་པར་འབུལ་བ། གཏུག་བཤེར་ཞབས་ཞུའི་ཨང་གྲངས་༡༢༣༦༨འམ་ཁྲིམས་ཁང་གཙོ་དོན་སློབ་གསོ་ལས་དོན་ཁང་གི་ཁ་པར་༠༨༩༢-༨༣༢༣༣༣༡ལ་ཞལ་པར་བརྒྱབ་སྟེ་སྐུ་ཉིད་ཀྱི་རྩ་ཆེའི་བསམ་འཆར་དང་རེ་བ་འདོན་པ།
2.电子邮件。打开互联网邮箱,点击写信,收件人输入lazxfy@163.com,输入意见、建议点击发送即可。
༢༽གློག་རྡུལ་འཕྲིན་ཡིག །དྲྭ་ཐོག་འཕྲིན་སྒམ་ཁ་འབྱེད་དེ། lazxfy@163.comལ་འཕྲིན་ཡིག་གཏོང་བ།
3.微信留言。关注“拉孜县人民法院”微信公众号,点击对话框可直接留言。
༣༽འཕྲིན་འཆར་འཇོག་པ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ལ་དོན་ཁུར་གནང་སྟེ་འཕྲིན་གཏོང་ཁྲ་སྒྲོམ་ཐོག་ནས་འཕྲིན་ལན་འཇོག་ཀྱང་འགྲིག །
4.征求意见箱。拉孜县人民法院在本院诉讼服务中心门口设置了征求意见箱。(来访地点: 西藏自治区日喀则市拉孜县曲下镇曲下路15号拉孜县人民法院诉讼服务中心信访接待室)
༤༽བསམ་འཆར་བསྡུ་སྒམ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་འདི་ག་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱི་སྒོ་ཁར་བསམ་འཆར་བསྡུ་སྒམ་བསྐོན་ཡོད།༼ངོ་བཅར་ས་གནས། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ཆུ་ཤར་ལམ་སྒོ་རྟགས་༡༥པ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ངོ་བཅར་སྣེ་ལེན་ཁང་།༽
您的意见建议,将帮助我们找准问题,抓好整改落实,推动主题教育取得实效,我们一定认真检视问题,补齐短板。感谢您的理解和支持!
སྐུ་ཉིད་ཀྱི་བསམ་འཆར་གྱིས་ང་ཚོར་སྐྱོན་ཆ་རྩད་གཅོད་དང་བཅོས་སྒྲིག་ཡོ་བསྲང་བྱ་ཆེད། དེ་བཞིན་གཙོན་དོན་སློབ་གསོར་དངོས་ནུས་ཐོན་ཆེད་ཕན་འདོགས་ཆེན་པོ་ཐོན་སྲིད། ང་ཚོས་ངེས་པར་ནན་ཏན་ངང་སྐྱོན་ཆ་རྩད་གཅོད་དང་མི་འདངས་ཁ་སྐོང་བྱ་རྒྱུ་ཡིན། སྐུ་ཉིད་ཀྱིས་བསམ་ཤེས་དང་རམ་འདེགས་གནང་བར་བཀའ་དྲིན་ཆེ་ཞུའོ།།།།
2023年11月28日
༢༠༢༣ལོའི་ཟླ་༡༡ཚེས་༢༨ཉིན།