当前位置: 首页 > 新闻中心 > 法院新闻
拉孜法院敲响网络司法拍卖“第一槌”成交价23万余元...
作者:旦木真加布  发布时间:2024-02-01 17:24:20 打印 字号: | |

近日,拉孜县人民法院在淘宝网网络司法拍卖平台上发布的标的物确认成交并交付,这标志着拉孜县人民法院首例司法拍卖案件取得圆满成功。此次拍卖的标的物是被执行人某建设公司法定代表人名下的一辆奥迪牌车辆,拍卖最终成交价格为23.39万元。

(执行法官查封车辆现场ལག་བསྟར་ཁྲིམས་དཔོན་གྱིས་རླངས་འཁོར་ལ་སྒོ་ཐེལ་རྒྱག་བཞིན་པ

ཉེ་ཆར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཐའོ་པའོ་དྲ་བའི་ཁྲིམས་འཛིན་ཧབ་ཚོང་སྟེགས་བུའི་ཐོག་ཁྱབ་བསྒྲགས་བྱས་པའི་དམིགས་བྱ་ཚོང་འགྲིག་གཏན་འཁེལ་བྱས་ནས་རྩིས་སྤྲོད་བྱས་ཡོད།  དེས་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཧབ་ཚོང་གྱོད་གཞི་ཐོག་མ་དེ་བདེ་བླག་ངང་ལེགས་གྲུབ་བྱུང་བ་མཚོན་ཡོད།  ད་ཐེངས་ཧབ་ཚོང་གི་དམིགས་བྱ་ནི་འཛུགས་སྐྲུན་ཀུང་སི་ཞིག་གི་ཁྲིམས་བཀོད་འཐུས་ཚབ་པའི་མིང་འོག་གི་ཨའོ་ཏི་རྟགས་ཅན་གྱི་རླངས་འཁོར་ཞིག་ཡིན་པ་དང་མཐར་རིན་གོང་སྒོར་ཁྲི23.39བྱས་ནས་ཚོང་འགྲིག་ཡོད།    

此次拍卖的成功,不仅最大限度地保障了该案申请执行人合法权益尽早兑现,也为今后促进网络司法拍卖工作水平进一步提高、提高强制执行财产处置变现效率和成交率奠定了良好基础。

ད་ཐེངས་ཀྱི་ཧབ་ཚོང་ལེགས་གྲུབ་བྱུང་བ་དེས་གྱོད་གཞི་དེའི་ལག་བསྟར་རེ་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་གང་མགྱོགས་དོན་འཁྱོལ་ཡོང་རྒྱུར་འགན་སྲུང་བྱས་ཡོད་ལ། སླད་ཕྱིན་ཆད་ཀྱི་དྲ་ཐོག་ཁྲིམས་འཛིན་ཧབ་ཚོང་ལས་དོན་གྱི་ཆུ་ཚད་གོང་མཐོར་གཏོང་ཆེད་དང་། བཙན་ཤེད་ལག་བསྟར་གྱི་རྒྱུ་ནོར་དངུལ་སྨར་ལ་སྒྱུར་ཐུབ་ཚད་དང་ཚོང་འགྲིག་ཐུབ་ཚད་གོང་མཐོར་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད།

下一步,拉孜县人民法院将围绕“公正与效率”主题,坚持强制执行和善意文明执行一体落实,坚持穷尽一切执行措施,力求最大限度兑现合法权益,做实能动司法,促进案结事了、政通人和。 

སླད་ཕྱིན་ཆད་དུ། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས“དྲང་གཞག་དང་ལས་ཆོད”ཀྱི་གཙོ་དོན་ལ་དམིགས་ཏེ། བཙན་ཤེད་ལག་བསྟར་དང་སེམས་བཟང་ཅན་དང་ཤེས་དཔལ་ཅན་གྱི་ལག་བསྟར་གཞི་གཅིག་དུ་དོན་འཁྱོལ་བྱས་ནས། ལག་བསྟར་བྱ་ཐབས་ཡོངས་རྫོགས་སྤྱད་ནས་ཚད་གང་མཐོའི་སྒོ་ནས་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་ཡོང་བ་བྱས་ཏེ། ནུས་ལྡན་ཁྲིམས་འཛིན་དོན་འཁྱོལ་བྱེད་ཅིང་། གྱོད་གཞི་མཇུལ་སྒྲིལ་བ་དང་དོན་དག་ཐག་ཆོད་པ་དང་། རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པའི་དམིགས་ཡུལ་མཐའ་མ་དེ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།།


 
责任编辑:旦增朗珠

友情链接

最高人民法院网

西藏法院网

日喀则市中级人民法院网