༄༅།། ལྷ་རྩེ་རྗོང་མི་དམངས་ཁྲིམས་འདྲི་གཅོད་གཟི་བརྗིད་དང་ལོ་རྒྱུས་འགྲེམ་སྟོན་ཁང་གི་རིག་དངོས་འཚོལ་བསྡུའི་སྤྱི་བསྒྲགས།།
一、具体活动安排
གཅིག །བྱེད་སྒོའི་བཀོད་སྒྲིག་དངོས།
拉孜县人民法院自1974年3月成立至今,已走过50个春秋,五十年披荆斩棘,五十载雨雪风霜,一代代拉孜法院人用青春和汗水书写着对司法事业的执着和忠诚,也见证了拉孜法院从不断探索到风华正茂。
ལྷ་རྩེ་རྫོང་མི་དམངས་ཁྲིམས་དེ་ཉིད་༡༩༧༤ལོའི་ཟླ་བ་༣པར་དབུ་བརྙེས་པ་ནས་ད་བར་ལོ་ངོ་༥༠ཕྱིན་ཚར་ཡོད། ལོ་ལྔ་བཅུའི་དཀའ་བཅད་རྦད་འཐབ་དང་དཀའ་སྡུག་མྱོང་རོལ་གྱི་ལོ་རྒྱུས་ནང་། ལྷ་རྩེ་ཁྲིམས་ཁང་གི་མི་རབས་དུ་མས་ལང་ཚོ་དང་རྔུལ་ཆུས་ཁྲིམས་འཛིན་བྱ་གཞག་ལ་བཅངས་པའི་ཨུ་ཚུགས་དང་བསམ་པ་རྣམ་དག་མཚོན་པར་བྱས་ཡོད་ལ། ལྷ་རྩེ་ཁྲིམས་ཁང་དེ་ཉིད་འཚོལ་ཞིབ་ནས་དར་རྒྱས་བར་འཕེལ་རྒྱས་བྱུང་བར་བདེན་དཔང་བྱས་ཡོད།།
为充分挖掘拉孜法院深厚的文化底蕴,全面真实地反映建院以来的发展历程和辉煌成就。使法院文化建设资料更加翔实丰富,客观真实,富于教育性和继承性,现面向所有关心、支持法院建设发展的干警及家属和社会各界人士征集老照片、老物件等一切承载法院历史发展轨迹的史料文献和标志性物件等院史档案资料。若您手中有与拉孜法院历史发展相关的各类影像资料和实物,欢迎您与拉孜法院联系!万分感谢您的支持和关心!
ལྷ་རྩེ་ཁྲིམས་ཁང་གི་རིག་གནས་སྔོག་འདོན་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ཁང་དབུ་བརྙེས་པ་ནས་ད་བར་གྱི་འཕེལ་རིམ་དང་གཟི་བརྗིད་དངོས་གནས་དྲང་གནས་མངོན་ཆེད། ཁྲིམས་ཁང་རིག་གནས་འཛུགས་སྐྱོང་གི་དཔྱད་གཞི་དེ་བས་ཕུན་སུམ་ཚོགས་པ་ཡོང་བ་དང་། སློབ་གསོའི་རང་བཞིན་དང་བརྒྱུད་འཛིན་རང་བཞིན་ལྡན་པའི་ཆེད་དུ། ད་ལྟ་དངོས་སུ་ཁྲིམས་ཁང་གི་འཛུགས་སྐྱོང་དང་འཕེལ་རྒྱས་ལ་ཐུགས་ཁུར་ཚད་མེད་གནང་མཁན་གྱི་ལས་བྱེད་ཉེན་རྟོག་པ་དང་ཁོང་རྣམ་པའི་ནང་མི། དེ་བཞིན་སྤྱི་ཚོགས་ཡོངས་ཀྱི་མི་སྣ་ལྷན་རྒྱས་མཆོག་ལ། འདྲ་པར་རྙིང་པ་དང་དངོས་པོ་རྙིང་པ་སོགས་པའི་ཁྲིམས་ཁང་ལོ་རྒྱུས་འཕེལ་རིམ་མངོན་ནུས་པའི་ལོ་རྒྱུས་ཡིག་ཆ་དང་མངོན་མཚོན་ཅན་གྱི་ཅ་ལག་སོགས་པའི་ཡིག་ཚགས་དཔྱད་གཞི་མཁོ་འདོན་བྱེད་ཆོག་པའི་རེ་འབུལ་ཞུ་རྒྱུ་ཡིན། གལ་སྲིད་སྐུ་ཉིད་ཀྱི་ཕྱག་སྟེང་དུ་ལྷ་རྩེ་ཁྲིམས་ཁང་གི་ལོ་རྒྱུས་འཕེལ་རིམ་དང་འབྲེལ་བའི་འདྲ་བརྙན་སྒྲ་གཟུགས་ཀྱི་དཔྱད་གཞི་དང་དངོས་པོ་ཡོད་ཚེ། ངེད་ཁྲིམས་ཁང་དང་འབྲེལ་གཏུགས་གནང་བར་འཚལ། སྐུ་ཉིད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་རུས་གཏིང་ནས་བཀའ་དྲིན་ཆེ་ཞུ།།
二、征集范围和要求说明
གཉིས། བསྡུ་ལེན་ཁྱབ་ཁོངས་དང་རེ་བ་གསལ་བཤད།
【征集范围】
བསྡུ་ལེན་ཁྱབ་ཁོངས།
反映记录拉孜法院在不同历史时期发展成就的代表性物品,主要包括拉孜法院自成立以来的具有标志性和典型意义的物质和非物质形态物品。
ལོ་རྒྱུས་འཕེལ་རིམ་མི་འདྲ་བའི་ནང་གི་ལྷ་རྩེ་ཁྲིམས་ཁང་གི་འཕེལ་རྒྱས་མངོན་ཐུབ་པའི་མངོན་མཚོན་ཅན་གྱི་ཅ་ལག་སྟེ། གཙོ་བོར་ལྷ་རྩེ་ཁྲིམས་ཁང་དབུ་བརྙེས་པ་ནས་ད་བར་གྱི་མངོན་མཚོན་རང་བཞིན་དང་དཔེ་མཚོན་དོན་སྙིང་ལྡན་པའི་དངོས་པོ་དང་དངོས་མིན་ཅ་ལག །
(一)实物类具有历史积淀和展示价值的代表性物品,包括牌匾、印章、报刊、书籍、档案、文件、荣誉证、工作证、笔记本、车辆、工具、制服、帽徽、肩章、法院(法庭)老照片等。
གཅིག ༽དངོས་པོའི་རིགས་ནི་ལོ་རྒྱུས་ལྡན་ཞིང་འགྲེམ་སྟོན་གྱི་རིན་ཐང་ལྡན་པའི་དངོས་པོར་གོ་བ་སྟེ། སྒོ་བྱང་དང་ཐམ་ག །ཚགས་པར། དཔེ་དེབ། ཡིགས་ཚགས། ཡིག་ཆ། གཟི་བརྗིད་དཔང་ཡིག །ལས་དཔང་ལག་ཁྱེར། ཟིན་བྲིས། འཁོར་རིགས། ལག་ཆ། ལས་ལྭ། ཞྭ་རྟགས། དཔུང་རྟགས། ཁྲིམས་ཁང་དང་ཁྲིམས་རའི་འདྲ་པར་རྙིང་པ་སོགས།།
(二)档案及文献资料类1.人物资料:拉孜法院历届负责人和其他工作人员的活动照片、资料、事迹等。2.文献资料:县级以上领导干部对拉孜法院的批示;以及我院各部门的历史文件、章程、历史书籍等。3.影像资料:拉孜法院的历史照片、视频、录音等。4.其它以上未详细列及,但能够反映法院历史的有关材料和实物。
གཉིས།༽ཡིག་ཚགས་དང་དཔེ་རྙིང་དཔྱད་གཞིའི་རིགས། ༡༽མི་སྣའི་དཔྱད་གཞི་སྟེ། ལྷ་རྩེ་ཁྲིམས་ཁང་གི་འགན་འཁུར་མི་སྣ་དང་ལས་མི་གཞན་གྱི་བྱེད་སྒོའི་འདྲ་པར། དཔྱད་གཞི། བྱས་རྗེས་སོགས། ༢༽དཔེ་རྙིང་དཔྱད་གཞི། རྫོང་རིམ་པ་ཡན་གྱི་དབུ་ཁྲིད་ཀྱིས་ལྷ་རྩེ་ཁྲིམས་ཁང་ལ་གནང་བའི་བཀའ་མཆན། ངེད་ཁྲིམས་ཁང་གི་ཚན་པ་ཁག་གི་ལོ་རྒྱུས་ཡིག་ཆ་དང་སྒྲིག་ཁྲིམས། ལོ་རྒྱུས་དཔེ་དེབ་སོགས། ༣༽འདྲ་བརྙན་དཔྱད་གཞི། ལྷ་རྩེ་ཁྲིམས་ཁང་གི་ལོ་རྒྱུས་འདྲ་པར་དང་བརྙན་ཟློས། སྒྲ་ཕབ་སོགས། ༤༽གོང་གསལ་ཕུད་པའི་ཁྲིམས་ཁང་ལོ་རྒྱུས་མངོན་ཐུབ་པའི་དཔྱད་གཞི་དང་དངོས་པོ་གཞན།།
【征集要求说明】
བསྡུ་ལེན་རེ་བ་གསལ་བཤད།
1.所征集的各类资料应能够反映拉孜县人民法院的发展历程和成就,主要以文字、图片、音像、实物为主,力求尊重历史事实、考证翔实。
༡༽བསྡུ་ལེན་བྱ་རྒྱུའི་དཔྱད་གཞིས་སྤྱིའི་ཆ་ནས་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་འཕེལ་རྒྱས་བརྒྱུད་རིམ་དང་གྲུབ་འབྲས་སོགས་མངོན་ཐུབ་པ་དགོས། གཙོ་བོར་ཡི་གེ་དང་འདྲ་པར། སྒྲ་བརྙན། དངོས་པོས་གཙོས་པ་ཡིན་དགོས་ཤིང་། ལོ་རྒྱུས་དོན་དངོས་དང་མཐུན་དགོས་པ་དང་ར་སྤྲོད་བྱེད་ཐུབ་པ་དགོས།
2.请提供者对所提供的资料附简要的说明,内容提供者姓名,现(原)工作单位,现(原)任职务,资料反映的事由、时间、地点等。
༢༽མཁོན་འདོན་གནང་མཁན་གྱིས་མཁོན་བཏོན་གནང་བའི་དཔྱད་གཞིར་རག་ཙམ་གྱི་གསལ་བཤད་ཟུར་སྣོན་གནང་རོགས། ནང་དོན་ལ་མཁོ་འདོན་མཁན་གྱི་མཚན་དང་། ད་ལྟའམ་དེ་སྔོན་གྱི་ལས་ཁུངས་དང་ལས་གནས། དཔྱད་གཞིས་མངོན་པའི་དོན་དག་དང་དུས་ཚོས། ས་གནས་སོགས་དགོས།
3.对捐献文物并由本院确认收集的,由本院登记造册并颁发荣誉证,以示感谢和纪念;对于愿意交展览但保留所有权的,本院予以登记并在展览时注明所有人;对于不愿交本院永久保存的,本院拍照或复制后将原物返还提供者。
༣༽རིག་དངོས་མཁོ་འདོན་གནང་ཞིང་འདི་ག་ཁྲིམས་ཁང་ནས་དངོས་སུ་བླངས་པ་ཡིན་ཚེ། མིང་ཐོ་འགོད་ནས་གཟི་བརྗིད་དཔང་ཡིག་སྤྲད་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ལ། འགྲེམ་སྟོན་བྱེད་འདོད་ཡོད་རུང་བདག་དབང་རང་བདག་བྱེད་མཁན་ལ། ངེད་ཁྲིམས་ཁང་ནས་ཐོ་འགོད་བྱེད་ཅིང་འགྲེམ་སྟོན་བྱེད་སྐབས་བདག་པོའི་ཆ་འཕྲིན་ཟུར་བཀོད་བྱ་རྒྱུ་ཡིན། འདི་ག་ཁྲིམས་ཁང་ལ་དཔྱད་གཞི་སྤྲོད་འདོད་མེད་ཚེ། ངེད་ཁྲིམས་ཁང་ནས་པར་ལེན་ནམ་འདྲ་བཤུས་བྱས་རྗེས་བདག་པོར་སློག་རྒྱུ་ཡིན།།
三、征集方式
གསུམ། བསྡུ་ལེན་བྱ་ཐབས།
1.接受捐赠。对愿意将个人收藏的院史资料、实物捐赠给我法院者,我院将标注捐献者姓名,并颁发荣誉证书。
༡༽ལེགས་འབུལ་དང་ལེན། རང་ཉིད་ནས་ཉར་ཚགས་བྱས་པའི་ལོ་རྒྱུས་དཔྱད་གཞི་མཁོ་འདོན་བྱེད་འདོད་ཡོད་ཅིང་ཅ་ལག་དངོས་ངེད་ཁྲིམས་ཁང་ལ་སྦྱིན་ཚེ། ངེད་ཁྲིམས་ཁང་ནས་སྦྱིན་བདག་གི་མཚན་བཀོད་ཅིང་གཟི་བརྗིད་དཔང་ཡིག་སྤྲོད་རྒྱུ་ཡིན།།
2.代管、复制。对珍贵的资料、实物,本人有保存意愿,我院复制(翻拍)后将原件归还本人,并颁发荣誉证书。
༢༽ཚབ་ཞུ་བྱས་ནས་དོ་དམ་དང་འདྲ་བཤུས་བྱེད་པ། རིན་ཐང་ཆེ་བའི་དཔྱད་གཞི་དང་ཅ་ལག་རང་ཉིད་ནས་ཉར་བའི་བློ་འདོད་ཡོད་ཚེ། ངེད་ཁྲིམས་ཁང་ནས་འདྲ་བཤུས་བྱས་རྗེས་བདག་པོར་སློག་ཅིང་གཟི་བརྗིད་དཔང་ཡིག་སྤྲོད་རྒྱུ་ཡིན།།
3.经双方友好协商的其他方式。
༣༽ཕྱོགས་གཉིས་དབར་འཆམ་མཐུན་གྲོས་དན་བྱུང་བའི་ཐབས་ལམ་གཞན།།
四、征集时间
བཞི། བསྡུ་ལེན་དུས་ཚོད།
2024年4月13日—2024年4月30日
༢༠༢༤ལོའི་ཟླ་༤པའི་ཚེས་༡༣ཉིན་ནས་༢༠༢༤ལོའི་ཟླ་༤པའི་ཚེས་༣༠ཉིན་བར།།
五、联系方式
ལྔ། འབྲེལ་གཏུགས་བྱ་ཐབས།
边 珍:13989927668(分管领导)
སྤེན་ སྒྲོན། ༡༣༩༨༩༩༢༧༦༦༨༼འགན་འཁུར་འགོ་ཁྲིད།༽
旦增朗珠:18141421335(院政治部)
བསྟན་འཛིན་རྣམ་གྲོལ། ༡༨༡༤༡༤༢༡༣༣༥༼ཁྲིམས་ཁང་ཆབ་སྲིད་པུའུ།༽
联系地址:西藏自治区日喀则市拉孜县曲下镇曲下路15号拉孜县人民法院政治部。
འབྲེལ་གཏུགས་ས་གནས། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ཆུ་ཤར་ལམ་སྒོ་རྟགས་༡༥པ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ།
联系邮箱:lazxfy@163.com
འབྲེལ་གཏུགས་གློག་རྡུལ་སྦྲགས་སྒམ། lazxfy@163.com
联系固话:0892-8323331
འབྲེལ་གཏུགས་ཁ་པར། ༨༠༩༢-༨༣༢༣༣༣༡
拉孜县人民法院
ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་།
2024年4月13日
༢༠༢༤ལོའི་ཟླ་༤པའི་ཚེས་༡༣ཉིན།