近日,拉孜县人民法院综合审判庭开庭审理并当庭宣判首例帮助信息网络犯罪活动罪案件,被告人王某被判处有期徒刑一年缓刑二年,并处罚金人民币五千元。县人大代表、政协委员受邀旁听庭审。
ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་འདྲི་གཅོད་ཐིང་གིས་ཁྲིམས་ར་འཚོགས་ཏེ་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྒོར་རོགས་རམ་བྱས་པའི་ཉེས་བསགས་གྱོད་གཞི་ཆེས་ཐོག་མ་དེར་དཔྱད་མཚམས་བཏང་། གྱོད་ཡ་ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཉེས་ཆད་འགྱངས་གཅོད་ལོ་གཉིས་དང་སྦྲགས། དངུལ་ཆད་མི་དམངས་ཤོག་སྒོར་ལྔ་སྟོང་གི་ཁྲིམས་ཆད་ཕོག་པ་རེད། རྫོང་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གདན་ཞུ་ལྟར་ཁྲིམས་རར་ཟུར་ཉན་དུ་ཕེབས་ཡོད།།
该案,被告人王某在明知他人用于信息网络犯罪的情况下,仍将自己名下三张银行卡提供给他人使用,其所提供的银行卡被电信诈骗人员用以转移诈骗受害人资金93.63万余元,王某从中非法获利1.5万元。
གྱོད་གཞི་འདིའི་ནང་དུ་གྱོད་ཡ་ཝང་ཆེ་གེ་མོས་མི་གཞན་གྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྒོར་སྤྱོད་པ་ཤེས་བཞིན་དུ་རང་ཉིད་ཀྱི་དངུལ་ཁང་བྱང་བུ་གསུམ་མཁོ་འདོན་བྱས་པ་དང་། ཁོ་པས་མཁོ་འདོན་བྱས་པའི་དངུལ་ཁང་བྱང་བུར་གློག་རྡུལ་ཁ་བསླུས་མི་སྣས་གནོད་འཚེ་ཕོག་མིར་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་༩༣་༦༣ལྷག་ཙམ་འཁོར་རྒྱུག་བྱས་པ་མ་ཟད། ཝང་ཆེ་གེ་མོར་དེའི་ནང་ནས་ཁྲིམས་འགལ་གྱི་ཐོབ་ཆ་སྒོ་ཁྲི་༡་༥རག་པ་རེད།།
法院认为,被告人王某明知他人从事利用信息网络实施犯罪活动,仍为他人提供支付结算帮助,情节严重,其行为构成帮助信息网络犯罪活动罪,遂作出上述判决。
ཁྲིམས་ཁང་གི་ངོས་འཛིན་ལ། གྱོད་ཡ་ཝང་ཆེ་གེ་མོས་མི་གཞན་གྱིས་ཆ་འཕྲིན་དྲ་རྒྱར་བརྟེན་ནས་ཉེས་གསོག་བྱེད་སྒོ་སྤེལ་བ་ཤེས་བཞིན་དུ་འཇལ་སྤྲོད་རྩིས་རྒྱག་གི་རམ་འདེགས་མཁོ་འདོན་བྱས་པ་དེ། གནས་ཚུལ་ཚབས་ཆེ་བས། ཁོ་པའི་བྱ་སྤྱོད་ཀྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྒོར་རོགས་རམ་བྱས་པའི་ཉེས་མིང་དུ་གྲུབ། དེར་བརྟེན་གོང་གསལ་དཔྱད་མཚམས་བཏང་།
给别人借张卡,自己又没有参与实际诈骗活动,就不构成犯罪?《中华人民共和国刑法修正案(九)》增设帮助信息网络犯罪活动罪,规定“明知他人利用信息网络实施犯罪,为其犯罪提供互联网接入、服务器托管、网络存储、通讯传输等技术支持,或者提供广告推广、支付结算等帮助,情节严重的,处三年以下有期徒刑或者拘役,并处或者单处罚金。”本案中,王某贪图蝇头之利,最终被判刑罚,实属不可取。
མི་གཞན་ལ་དངུལ་ཁང་བྱང་བུ་གཡར་ཡང་རང་ཉིད་དངོས་སུ་ཁ་བསླུས་བྱེད་སྒོར་ཞུགས་མེད་སྟབས་བྱས་ཉེས་སུ་མི་གྲུབ་བམ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན་དགུ་པའི༽ནང་དུ་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྒོར་རོགས་རམ་བྱས་པའི་ཉེས་མིང་གསར་སྣོན་བྱས་པ་དང་། མི་གཞན་གྱིས་ཆ་འཕྲིན་དྲ་རྒྱ་སྤྱད་ནས་ཉེས་གསོག་སྤེལ་བ་ཤེས་བཞིན་དུ། དེར་ཉེས་གསོག་སྤེལ་ཆེད་དྲ་རྒྱ་འཐེན་འཇུག་དང་ཞབས་ཞུའི་འཕྲུལ་ཆས་ཚབ་ཉར། དྲ་རྒྱའི་གསོག་འཇོག །འཕྲིན་གཏོང་སྐྱེལ་འདྲེན་སོགས་པར་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱེད་པའམ། མཚམས་སྦྱོར་བརྡ་ཁྱབ་དང་འཇལ་སྤྲོད་རྩིས་རྒྱག་སོགས་པར་རམ་འདེགས་མཁོ་འདོན་བྱས་ཤིང་། གནས་ཚུལ་ཚབས་ཆེ་བར་གཏོགས་ཚེ། ལོ་གསུམ་མན་ཆད་ཀྱི་དུས་བཙོན་ནམ་བཙན་ཉར་ལས་སྐུལ་གཅོད་རྒྱུ་དང་། དངུལ་ཆད་སྦྲགས་གཅོད་དམ་ཁེར་གཅོད་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད། གྱོད་གཞི་འདིའི་ནང་དུ། ཝང་ཆེ་གེ་མོས་ཁེ་སྦོག་ཏིལ་འབྲུ་ཙམ་ལ་བརྔམས་པའི་མཐར་ཁྲིམས་ཀྱི་ཆད་པ་ཕོག་པ་དེ་དངོས་ནས་བྱེད་མི་འོས་པ་ཞིག་གོ །
法官在此呼吁大家,一定要妥善保管好自己的身份证、银行卡、手机卡,如果不慎丢失,应该及时注销或者挂失,不可随意丢弃,更不能为了贪图小利而予以出售、出租或者交给他人保管使用。
འདི་གར་ཁྲིམས་དཔོན་ནས་ལྷན་རྒྱས་ལ་འབོད་སྐུལ་ཞུ་རྒྱུར། རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་དངུལ་ཁང་བྱང་བུ། ཁ་པར་གྰ་སོགས་བོར་བརླག་ཏུ་སོང་རྗེས་ངེས་པར་དུ་ཐོ་ཁོངས་ནས་བསུབ་པའམ་བོར་བརླག་གསལ་ཞུ་བྱེད་དགོས་པ་ལས། གང་བྱུང་དུ་གཡུགས་མི་རུང་ལ། དེ་བས་ཁེ་བཟང་ཕྲན་བུའི་ཆེད་དུ་འཚོང་བའམ་གཡར་བ། ཡང་ན་མི་གཞན་གྱིས་ཉར་རོགས་བྱེད་དུ་བཅུག་པ་སོགས་བྱ་མི་ཉན།།།།