5月14日,拉孜县人民法院依法对一名长期不履行法定义务的被执行人实施司法拘留。
ཟླ་༥ཚེས་༡༤ཉིན། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲིམས་བཀོད་འོས་འགན་ཡུན་རིང་མ་བསྒྲུབས་པའི་ལག་བསྟར་བྱ་ཡུལ་ཞིག་ལ་ཁྲིམས་འཛིན་བཀག་ཉར་བྱས།།
该案,被执行人仓某长期不履行民事裁判文书确定的法律义务,对法院执行始终以各种理由搪塞,面对先前法院准备对其实施拘留,其通过案外人担保、作定期履行保证等方式请求延迟拘留,但过了2个多月,仓某仍然没有主动履行,鉴于仓某的行为,法院依法作出司法惩戒决定,对仓某实施10天的司法拘留。
གྱོད་གཞི་འདི་ནང་དུ། ལག་བསྟར་བྱ་ཡུལ་ཚང་ཆེ་གེ་མོས་དམངས་དོན་ཁྲུན་གཅོད་ཡིག་ཆར་གཏན་འཁེལ་བྱས་པའི་བཅའ་ཁྲིམས་ཀྱི་འོས་འགན་ཡུན་རིང་མ་བསྒྲུབས་པར་ཁྲིམས་ཁང་གིས་ལག་བསྟར་བྱེད་པར་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་གོ་བསྲང་བྱེད་པ་དང་། སྔོན་ཆད་ཁྲིམས་ཁང་གིས་བཀག་ཉར་བྱེད་རྩིས་བྱས་པར་ཁག་ཐེག་དང་དུས་བཀག་ལག་བསྟར་བྱེད་རྒྱུའི་ཁས་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་བཀག་ཉར་ནར་འགྱངས་བྱ་རྒྱུའི་རེ་འདུན་ཞུས་ཡོད། འོན་ཀྱང་ཟླ་བ་གཉིས་ལྷག་ཙམ་སོང་ཡང་ཚང་ཆེ་གེ་མོས་ད་དུང་རང་འགུལ་གྱི་ལག་བསྟར་བྱས་མེད། ཚང་ཆེ་གེ་མོའི་བྱ་སྤྱོད་ལ་གཞིགས་ནས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྲིམས་འཛིན་ཆད་གཅོད་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ཁོ་པར་ཉིན་བཅུའི་ཁྲིམས་འཛིན་བཀག་ཉར་བྱས་པ་རེད།།
法官提醒,广大被执行人面对法院执行务必积极配合、如实报告,不管是逃避执行、拒不执行的“硬拒执”,还是百般理由、各种求情的“软拒执”,都将依法受到法律的严惩。
ཁྲིམས་དཔོན་ནས་རྒྱ་ཆེའི་ལག་བསྟར་བྱ་ཡུལ་ལ་ཞུ་རྒྱུར། ཁྲིམས་ཁང་གིས་ལག་བསྟར་བྱེད་པར་ངེས་པར་དུ་གཞོགས་འདེགས་ཧུར་ཐག་དང་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། ལག་བསྟར་ལས་གཡོལ་ཐབས་དང་ལག་བསྟར་མི་བྱེད་པའི་བཙན་ཐབས་ཡིན་རུང་། རྒྱུ་མཚན་སྣ་ཚོགས་དང་སྙིང་རྗེ་ཞུ་བའི་འཇམ་མཉེན་ཐབས་ལམ་ཡིན་རུང་། ལག་བསྟར་ལ་གཡོལ་བའི་ཚེ་ཚང་མར་ཁྲིམས་ལྟར་བཅའ་ཁྲིམས་ཀྱིས་ཆད་པ་ནན་པོ་གཅོད་རྒྱུ་ཡིན།།